lha livelihood

ལྷ་ལག་ཤེས་སྦྱོང་བརྡར་ལས་གཞི་ལས་ཕྱི་ལུགས་སྦོས་སྲབ་བག་ལེབ་བཟོ་སྟངས་སྦྱོང་བརྡར་ལས་གཞི།

༢༠༡༩ཟླ་༡༡ཚེས་༩ཉིན་ནས་༢༠༢༠ཟླ་༡ཚེས་༡༥བར་རིན་མེད་ཀྱི་ཐོག་ནས་བོད་པའི་ན་གཞོན་༡༡ཙམ་ལ་ཕྱི་ལུགས་སྦོས་སྲབ་བག་ལེབ་བཟོ་སྟངས་སྦྱོང་བརྡར་ལས་གཞི་ཞིག་གཉེར་ཡོད་པ་དང་། ཕྱི་ལུགས་སྦོས་སྲབ་བག་ལེབ་བཟོ་སྟངས་སྦྱོང་བརྡར་དེ་བཞིན་ལྷ་ལག་ཤེས་སྦྱོང་བརྡར་གྱི་ཆ་ཤས་ཤིག་ཡིན། སློབ་ཚན་གྱི་མཐའ་མའི་ཉིན་ཞིག་སློབ་མ་ཚོས་བག་ལེབ་རིགས་མི་འདྲ་བ་རིགས་༣༠ཙམ་ཁོང་ཚོར་མཐུན་འགྱུར་དང་གོ་སྒྲིག་གནང་མཁན་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ལས་བྱེད་དང་བོད་ཀྱི་ཐེབས་རྩ་ཁང་གི་ལས་བྱེད་བཅས་ལ་འགྲེམས་སྟོན་བྱས་ཤིང་།བོད་ཀྱི་གཞོན་ནུ་ཚོར་ལས་གཞི་དེ་འདྲ་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཡང་ཞུས་ཡོད་པ་རེད།

0
182
cookry 1

༢༠༡༩ ལོའི་ལྷ་ལག་ཤེས་སྦྱོང་བརྡར་ལས་གཞི་ལེགས་གྲུབ་བྱུང་བ།

༢༠༡༩ལོར་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་གོ་སྒྲིག་དང་ཨ་རིའི་བོད་ཀྱི་ཐེབས་རྩས་མཐུན་འགྱུར་འོག་རང་རིགས་གཞོན་སྐྱེས་རྣམས་ལ་རང་ཉིད་ཀྱི་འཚོ་ཐབས་དང་འབྲེལ་བའི་ལག་ཤེས་སྦྱོང་བརྡར་ཁག་མི་འདྲ་བ་བཞི་ཙམ་སྤྲད་ཐུབ་པ་བྱུང་ཡོད་པ་ལས།

0
181
Cookery course 02

བོད་པའི་ན་གཞོན་འཚོ་ཐབས་ཀྱི་ལྷ་ལག་ཤེས་སྦྱོང་བརྡར་ལས་གཞི་མུ་མཐུད་སྐྱོང་བཞིན་པ།

༢༠༡༩ ཟླ་༡༡ཚེས་༡ ཉིན་ལྷ་ལག་ཤེས་སྦྱོང་བརྡར་ལས་གཞི་ལས་ཁ་ལག་བཟོ་སྟངས་སྦྱོང་བརྡར་ལས་རིམ་ཐེངས་གཉིས་པ་དེ་འགོ་འཛུགས་གནང་ཡོད་ཅིང་། སྦྱོང་བརྡར་དེར་མཉམ་ཞུགས་གནང་མཁན་བོད་པའི་གཞོན་སྐྱེས་གྲངས་༢༠ ཙམ་ཡོད་པ་དང་། སློབ་ཁྲིད་པ་་དགེ་རྒན་ལེགས་འཕེལ་ལགས་ཀྱིས་སྦྱོང་བརྡར་དེར་དུས་ཡུན་ཟླ་བ་གཉིས་ཀྱི་རིང་ཕྱི་ནང་གི་རྒྱལ་ཁབ་འདྲ་མིན་གྱི་ཁ་ལག་བཟོ་སྟངས་ཀྱི་སློབ་སྦྱོང་སྤྲོད་ཀྱི་ཡོད་པ་རེད།

0
185
SR Birthday November 5 2019

བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བ།

༢༠༡༩ ཟླ་༡༡ ཚེས་༥ ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་གོ་སྒྲིག་འོག་ལྷ་ཞི་བའི་ཚལ་ཚོགས་ཁང་དུ་དད་དམ་གཡོ་བ་མེད་པའི་སྐྱ་སེར་རིས་མེད་འདུ་འཛོམས་ཐོག་༧བདག་ཉིད་ཆེན་པོ་མཁས་་དབང་་སློབ་དཔོན་ཟམ་གདོང་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་དགུང་གྲངས་༨༠ལ་ཕེབས་པའི་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་སྐུའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ།

0
237
Buddha group

ཨ་རི་ནས་ཚོགས་པ་ཞིག་དང་རིག་གཞུང་བརྗེ་ལེན།

༢༠༡༩ ཟླ་༡༡ ཚེས་༡༢ ཉིན་ཡུན་རིང་ནས་འབྲེལ་བ་དམ་ཟབ་ཡོད་པའི་སྐུ་ཞབས་Neil Guidryལགས་ཀྱི་སྣེ་ཁྲིད་པའི་ཚོགས་མི་དྲུག་ཅན་གྱི་ཚོགས་པ་ཞིག་རྡ་སར་འབྱོར་ནས་ལྷ་ཞི་བའི་ཚལ་དུ་ཉིན་ཤས་རིང་གནས་སྡོད་བྱས་ཡོད་ཅིང་།

0
216

ཁ་ལག་བཟོ་སྟངས་ལག་ཤེས་སྦྱོང་བརྡར་ལས་རིམ་ཐེངས་གཉིས་པའི་སློབ་མ་གསར་བསྡུ་གསལ་བསྒྲགས།

ཨ་རིའི་བོད་ཀྱི་ཐེབས་རྩས་མཐུན་འགྱུར་དང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་གོ་སྒྲིག་འོག་༢༠༡༩ ཟླ་༡༡ ཚེས་༡ ནས་ཟླ་༡༢ ཚེས་༣༠ བར་རང་རིགས་གཞོན་སྐྱེས་རྣམས་ལ་ཁ་ལག་བཟོ་སྟངས་ཀྱི་ལག་ཤེས་སྦྱོང་བརྡར་ལས་རིམ་ཐེངས་གཉིས་པ་དེ་གནང་འཆར་ཡོད་ན། ཞུགས་བློ་ཡོད་རིགས་རྣམས་ནས་ཟླ་༡༠ ཚེས་ ༢༨ ནང་ཚུད་དུ་ཐོ་འགོད་ཟིན་པ་དགོས་རྒྱུ་དང་། སློབ་མ་བསྡུ་རྒྱུའི་གྲངས་ཚད་ངེས་ཅན་ལགས་པས་གྲངས་ཚད་དེ་ལས་ལྷག་པ་ཐོ་འགོད་བྱ་རྒྱུ་མིན་ན་དེ་དོན་དགོངས་པར་མངའ་བ་མཁྱེན།

0
243
Lhas Massage and Spa Course Second Batch

བོད་པའི་ན་གཞོན་ཚོར་ཐེངས་གསུམ་པའི་ཕུར་མཉེ་ལས་རིམ་སྦྱོང་བརྡར།

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ལས་གཞི་སྣ་མང་རྒྱུན་སྐྱོང་བྱེད་བཞིན་པ་ལས་ཟླ་གསུམ་བོད་ཀྱི་སྲོལ་རྒྱུན་ཕུར་མཉེའི་སྦྱོང་བརྡར་ཐེངས་གསུམ་པའི་ལས་རིམ་དེ་བཞིན་༢༠༡༩ ཟླ་༩ ཚེས་༡༦ ཉིན་སློབ་ཕྲུག་༩ འཛུལ་ཞུགས་བྱས་ཡོད་ཅིང་།

0
174
Cultural Exchange Group 3

རིགས་གཞུང་བརྗེ་རེས་ཀྱི་ཚོགས་པ།

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་་ཁང་གི་རིག་གཞུང་བརྗེ་རེས་ལས་གཞི་ལས། ༢༠༡༩ ཟླ་༨ ཚེས་༢༢ ནས་ཟླ་ ༩ ཚེས་༥ བར་ཉིན་གྲངས་བཅུ་ལྷག་ཙམ་རིང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་སྣེ་ལེན་གྱིས་ཏུང་ལེན་མཐོ་སློབ་ཁང་ནས་ཕེབས་པའི་སློབ་ཕྲུག་རྣམས་དང་རིགས་གཞུང་བརྗེ་རེས་གནང་ཡོད་ཅིང་།

0
110
mess clean up

འཛམ་གླིང་གཙང་བཟོ་ཉིན་མོ་སྲུང་བརྩི་དང་འབྲེལ་བའི་ལས་འགུལ།

༢༠༡༩ ཟླ་༩ ཚེས་ ༢༡ ཉིན་འཛམ་གླིང་གཙང་བཟོ་ཉིན་མོ་དང་སྟབས་བསྟུན་ནས་མེག་ལོག་གཙང་བཟོ་རུ་ཁག་དང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ལས་བྱེད་དང་སློབ་ཕྲུག དྭངས་བླང་བ་བཅས་མཉམ་རུབ་ཐོག་སྦག་སུག་སྲང་ལམ་གཡས་གཡོན་ཤིང་ནགས་དང་།

0
122
Cookery Course

༢༠༡༩ ལོའི་ལྷ་ལག་ཤེས་སྦྱོང་བརྡར་གྱི་ལས་གཞི་ཁག་སྐྱོངས་བཞིན་པ།

ལྷ་ལག་ཤེས་སྦྱོང་བརྡར་ལས་གཞི་ལས་༢༠༡༩ཟླ་༨པའི་ནང་ལག་ཤེས་སྦྱོང་བརྡར་མི་འདྲ་བ་ཁག་གསུམ་ཕན་འབྲས་ལྡན་པའི་ལས་རིམ་དེ་དག་སྐྱོངས་བཞིན་ཡོད་པ་ཧ་ཅང་གི་དགའ་སྤོབས་ངང་བསྒྲགས་འདོད་བྱུང་།  ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་གོ་སྒྲིག་དང་ཨ་རིའི་བོད་ཀྱི་ཐབས་རྩས་མཐུན་འགྱུར་གྱིས་ལྷ་ལག་ཤེས་སྦྱོང་བརྡར་ལས་གཞི་ནང་བོད་པའི་གཞོན་སྐྱེས་རྣམས་ཀྱི་མ་འོངས་པ་རང་ཉིད་ཀྱི་མདུན་ལམ་འཚོ་ཐབས་སམ་རང་ཉིད་ཀྱི་མདུན་ལམ་རང་ཉིད་ཀྱི་ལག་ཤེས་ལ་བརྟེན་ནས་འཚོ་ཐུབ་པའི་དམིགས་འབེན་གཙོ་བཟུང་གི་སྦྱོང་བརྡར་ལས་རིགས་ཁག་མི་ཉུང་བ་མཁོ་སྤྲོད་བྱེད་བཞིན་ཡོད་ན།

0
100