ཁང་པ་གསར་ཉོ་དང་བེད་སྤྱོད།
ཚོགས་པའི་ལས་དོན་ལོ་རེ་བཞིན་གཞི་རྒྱ་ཆེ་རུ་སོང་བ་དང་བསྟུན། ཕྱི་ལོ་ ༢༠༠༨ ལོར་དྷ་ས་མེག་ལོར་དུ་ས་ཁང་གསར་ཉོ་བྱེད་རྒྱུའི་ཐག་གཅོད་དང་འབྲེལ། ཁང་བདག་དང་མཉམ་དུ་གན་རྒྱ་བཞག་སྟེ་ས་ཁང་གསར་ཉོ་བྱས་ཡོད་པ་དང་། དེའི་ཆེད་དུ་དཔལ་འབྱོར་འདུ་འགོད་དང་ཐབས་འཚོལ་གནང་རྗེས། ཁང་པའི་ཆེད་དཔལ་འབྱོར་འདུ་འགོད་ལམ་ལྷོང་བྱུང་སྟེ། ཕྱི་ལོ་ ༢༠༡༣ ལོར་ཁང་པ་གསར་ཉོའི་བུ་ལོན་ཆ་ཚང་ཆད་ལྷག་མེད་པར་ཁང་བདག་ལ་སྤྲད་ཐུབ་པ་བྱུང་ཡོད། ད་ལྟའི་ཆར་ས་ཁང་འདིར་གཙོ་བོ་སྐྱབས་བཅོལ་བོད་མིའི་སྤྱི་ཐབ་དང་། དེ་བཞིན་དྭང་བླངས་པ་དང་རིག་གཞུང་བརྗེ་རེས་གནང་མཁན་གྱི་སློབ་ཕྲུག་ཚོ་བཞུགས་གནས། ཚོགས་འདུ་འཚོགས་ས། ལས་ཤག་སོགས་ལ་བེད་སྤྱོད་གཏོང་བཞིན་ཡོད།
ཕྱི་ལོ་ ༢༠༡༧ ལོར་ཚོགས་པའི་ཚོགས་ཁང་གསར་རྒྱག་ལེགས་གྲུབ་བྱུང་སྟེ། ཚོགས་ཁང་འདིའི་ནང་ཚོགས་འདུ་དང་། བགྲོ་གླེང་། ཟབ་སྦྱོང་འཚོགས་སོགས། མདོར་ན་ས་ཁང་འདི་ནི་ཚོགས་པའི་དཔལ་འབྱོར་འདུ་འགོད་བྱེད་ས་གཙོ་བོ་དང་། ཚོགས་པ་འདི་རྒྱུན་གནས་ཐུབ་རྒྱུར་མཐུན་རྐྱེན་མེད་དུ་མི་རུང་བ་ཞིག་ཆགས་ཡོད་པ་རེད།