ཆུ་ཚགས་འཕྲུལ་ཆས་ཐེངས་ཉེར་བདུན་པ་དེ་བོད་ཁྱིམ་མ་སུ་རི་སློབ་གྲྭར་བཙུགས་པ།
ལྷའི་ཆུ་ཚགས་འཕྲུལ་ཆས་ཐེངས་ ༢༧ པ་དེ་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་བོད་ཁྱིམ་མ་སུ་རི་ (Mussoorie) སློབ་གྲྭར་གསར་འཛུགས་བྱས་པ་རེད། མ་སུ་རི་བོད་ཁྱིམ་དུ་སློབ་ཕྲུག་ ༡‚༡༥༠ ཙམ་ཡོད་པ་དང་། སློབ་གྲྭ་འདི་ནི་ཨུ་ཏར་ཁན་དྷི་ (Uttarakhand) རི་ངོས་སུ་ཆགས་ཡོད།
ཆུ་ཚགས་འཕྲུལ་ཆས་འདིས་སློབ་གྲྭའི་སློབ་མ་རྣམས་ལ་བདེ་ཐང་གི་འཐུང་ཆུ་གཙང་མ་མཁོ་སྤྲོད་དང་། ཁོང་ཚོའི་འཕྲོད་བསྟེན་ཡང་རྒྱས། ཆུ་མི་གཙང་བ་ལས་བྱུང་བའི་ནད་རིགས་སོགས་སྔོན་འགོག་བྱེད་ཐུབ་པར་རེ་བ་བྱེད་ཀྱི་ཡོད། འཕྲུལ་ཆས་དེ་ནི་ (Reverse osmosis / Ultraviolet) ཆུ་ཚགས་འཕྲུལ་ཡིན་པ་དང་། འདིས་ཆུ་ཚོད་རེར་བདེ་ཐང་གི་འཐུང་གཙང་མ་ལི་ཊར་ ༡༠༠ ལྷག་བཟོ་ཐུབ་ཀྱི་ཡོད ང་ཚོས་ད་དུང་གློག་དང་ཆུ་མི་འདང་བ་སོགས་ཀྱི་དཀའ་ངལ་ཡོད་སྐབས་སུ་ཕབ་ཐོག་ཡོང་ཕྱིར་ཆུ་ལི་ཊར་ ༥༠༠ བརྒྱ་ཤོང་བའི་ཆུ་སྣོད་ཅིག་ཀྱང་གསར་འཛུགས་བྱས་ཡོད། འཕྲུལ་ཆང་དང་ལྷན་དུ་ཆུ་ཚ་དྲོད་སྙོམ་ཆས་དང་། སྨན་སྦྱོར་ཆས་ཀྱི་དམ་བེ་གཞན་ཞིག་ཀྱང་སྦྱོར་ཐུབ་ཡོད། དམ་བེ་དེ་ནི་ཁོང་ཚོའི་ཞལ་ལག་མཆོད་ཁང་དུ་བཞག་ཡོད་པས་ཞལ་ལག་མཆོད་སྐབས་ཆུ་ཚ་པོ་དང་གྲང་མོ་གང་དགོས་ལེན་ཆོག་གི་ཡོད།
སྐུ་ཞབས་ཇཱོ་ཧན་ (John Jack Ulrichsen) མཆོག་གིས་ཆུ་ཚགས་འཕྲུལ་ཆས་ཐེངས་ ༢༧ པ་འདིའི་སྦྱིན་བདག་གནང་བ་དང་། ཨོ་སི་ཁྲོ་ལི་ཡའི་བོད་ཀྱི་ལྷན་ཚོགས་ ༢༠༡༧ ལོའི་ཡུལ་སྐོར་ཚན་པས་ལས་གཞི་འདི་དང་གཞན་མང་པོར་རྒྱབ་བསྐྱོར་གནང་བར་ང་ཚོས་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་མ་ཟད། མ་སུ་རི་བོད་ཁྱིམ་དང་ལྷའི་ལས་བྱེད་རྣམས་ཀྱི་ཚབ་ཞུས་ཏེ་ཁྱེད་རྣམས་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཤིན་ཆེ་ཞུ། ཐུགས་རྗེ་ཆེ།