ལྷའི་ལས་བྱེད།

Dorjee Kyi

༄༅། །བཞུགས་སྒར་དྷ་རམ་ས་ལར་བརེྟེན་གཞི་བྱས་ཡོད་པའི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་གཙོ་གཞོན་དང་། ལས་བྱེད་རྣམས་ཀྱི་ངོ་སྤྲོད་མདོར་བསྡུས། 

 

 

Dorjee Kyiལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན།

རྡོ་རྗེ་སྐྱིད་ལགས་ནི་བོད་མདོ་སྨད་ཨ་མདོ་ཁུལ་དུ་སྐྱེས་ཤིང་ ༡༩༩༣ ལོར་རྒྱ་གར་ལ་འབྱོར་ནས་བོད་ཕྲུག་ཁྱིམ་སྡེའི་ནང་སློབ་སྦྱོང་བྱས་པ་དང་། དེ་རྗེས་རྒྱ་གར་ལྷོ་ཕྱོགས་མ་དྷ་རཱ་སི་ཡེ་ཤུ་གཙུག་ལག་སློབ་གཉེར་ཁང་ནས་གསར་འགོད་རིག་པའི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་པ་དང་ཅི་ནའེ་ནས་ཝེ་ཤ་ནཱ་ཝ་ཞེས་པའི་བུད་མེད་ཀྱི་མཐོ་སློབ་(M.O.P Vaishnav College for Woman)ཅིག་ནས་འབྲེལ་ལམ་སྐོར་གཙུག་ལག་རབ་འབྱམས་པ་ཐོན།
སློབ་ཐོན་རྗེས་ཨ་མཱ་ཛོན་(Amazon.com)ཞེས་པའི་ཚོང་ལས་ཁང་དུ་ལོ་གཉིས་རིང་ལས་ཀ་བྱས་པ་དང་། ཕྱི་ལོ་ ༢༠༡༣ ནས་ ༢༠༡༥ བར་བོད་ཀྱི་བུད་མེད་ལྷན་ཚོགས་ནང་ལས་ཀ་བྱས། ཕྱི་ལོ་ ༢༠༡༥ ལོ་ནས་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ནང་ལས་འཆར་དོ་དམ་པའི་འགན་འཁུར་བཞེས་ཡོད་པ་དང་། ཕྱི་ལོ་༢༠༡༨ ཟླ་ ༦ ནས་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་དུ་བསྐོ་བཞག་གི་ད་ལྟའི་ཆར་འགན་འཛིན་གྱི་ཐུགས་འགན་གནང་མུས་ཡིན།

 

Tenzin Sherab la ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་དང་ལྷའི་ལུགས་མཐུན་ཚོང་ལས་ཁང་གི་དོ་དམ་པ། 

བསྟན་འཛིན་ཤེས་རབས་ལགས་ནི་བོད་ནང་སྐྱེས་ཤིང་། རང་ལོ་ ༥ ལ་སོན་སྐབས་རྒྱ་གར་ལ་འབྱོར་བ་དང་། ཁོང་ཐོག་མར་སྦིར་སུ་ཇཱ་སློབ་གྲྭར་འཛུལ་ཞུགས་ཀྱིས་གཞི་རིམ་གྱི་སློབ་སྦྱོང་གྲུབ་རྗེས། འཛིན་རིམ་ ༡༡ དང་ ༡༢ རྒྱ་གར་ལྷོ་ཕྱོགས་བྷེ་ཀོབ་བོད་ཁྱིམ་དུ་སློབ་སྦྱོང་བྱས།དེ་རྗེས་ལོ་ཡོ་ལ་མཐོ་སློབ་(Loyola College)ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་སློབ་མཐར་ཕྱིན་རྗེས། རྒྱ་གར་གྱི་གྲོང་ཁྱེར་པུ་ནེར་ཡོད་པའི་སེམ་བྷོ་སི་གཙུག་ལག་སློབ་གཉེར་ཁང་ནས་(Symbiosis college)ཚོང་ལས་འཛིན་སྐྱོང་སྐོར་གཙུག་ལག་རབ་འབྱམས་པ་སློབ་ཐོན་བྱས།ཕྱི་ལོ་ ༢༠༡༤ ཟླ་ ༤ པའི་ནང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དུ་ལས་ཞུགས་ཀྱིས། ལྷའི་བོད་ཀྱི་ལུགས་མཐུན་ཚོང་ལས་ཁང་(Lha Tibet Fair Trade )གི་དོ་དམ་གྱི་འགན་འཁུར་བཞིན་ཡོད་པ་དང་། ཕྱི་ལོ་༢༠༡༨ ལོ་ ཟླ་ ༦ པའི་ནང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་དང་དྭངས་བླངས་འབྲེལ་མཐུད་པ་བཅས་ཀྱིས་ཕྱག་ལས་གནང་མུས་ཡིན།

 

Tenzin Samtenལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་སྤྱི་ཁྱབ་དྲུང་ཆེ་དང་འབྲེལ་གཏུགས་དུས་དེབ་ཀྱི་གསར་འགོད་པ།

བསྟན་འཛིན་བསམ་གཏན་ལགས་ནི་སྟོད་དིང་རི་དུ་སྐྱེས་ཤིང་ཕྱི་ལོ་ ༡༩༩༣ ལོར་རྒྱ་གར་ལ་འབྱོར་ནས་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག་གི་ནང་སློབ་སྦྱོང་བྱས། གྷོ་ཕལ་ཕུར་བོད་ཁྱིམ་ནས་འཛིན་རིམ་བཅུ་གཉིས་ཐོན་རྗེས་རྒྱ་གར་ལྷོ་ཕྱོགས་ཅི་ནཱའེ་རུ་མཐོ་སློབ་འགྲིམས་པ་དང་། དེ་རྗེས་མེ་ནཱ་ཁ་ཤེ་ཞེས་པའི་བུད་མེད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་དབྱིན་ཡིག་ཐོག་སློབ་སྦྱོང་དང་། དེ་རྗེས་ལོ་ཡོ་ལཱ་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་ནས་གོང་གི་སློབ་ཚན་དེའི་ཐོག་ནས་གཙུག་ལག་རབ་འབྱམས་པ་སློབ་ཐོན་བྱས།སློབ་གཉེར་ཐོན་རྗེས་ ༢༠༡༢ ནས་ ༢༠༡༤ བར་ཨ་མན་རྫུན་(Amazon)ཞེས་པའི་ཚོང་ལས་ཁང་དུ་ལས་ཀ་བྱས་པ་དང་། ༢༠༡༥ ལོར་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པར་ལས་ཞུགས་ཀྱིས་ཐོག་མར་ལས་འཆར་དོ་དམ་པ་དང་།འབྲེལ་གཏུགས་དུས་དེབ་ཀྱི་རྩོམ་སྒྲིག་ལས་རོགས་དང་གསར་འགོད་པ་བཅས་གནང་ཡོད་པ་དང་། ཕྱི་ལོ་༢༠༡༨ཟླ་ ༦ པ་ནས་སྤྱི་ཁྱབ་དྲུང་ཆེར་བསྐོ་བཞག་གི་ད་ལྟའི་ཆར་འགན་འཁུར་གནང་མུས་ཡིན།

 

Tabsangལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ལས་བྱེད།

བཀྲ་སངས་ལགས་ནི་ཕྱི་ལོ་ ༡༩༨༠ ལོར་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འགྲམ་གྱི་གྲོང་སྡེ་ཆུང་ཆུང་ཞིག་གི་ནང་སྐྱེས། ཕྱི་ལོ་ ༡༩༩༣ ལོར་རྒྱ་གར་ལ་འབྱོར། ཕྱི་ལོ་ ༢༠༠༤ ལོར་བར་ལས་ཀ་ཙག་ཙིག་བྱས་ནས་བསྡད། ཕྱི་ལོ་ ༢༠༠༤ ནས་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དུ་ལས་ཀ་བྱས་ཤིང་། ད་ལྟའི་ཆར་ལྷའི་ལས་ཁུངས་ཀྱི་མ་བྱན་དང་། འཛིན་གྲྭར་ལྟ་རྟོགས་སོགས་ལས་དོན་གཞན་ཁག་ལ་འགན་ཁུར་མུས་ཡིན། 

 

    

Lobsang Dhamchoeལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་དྲྭ་རྒྱའི་

དོ་དམ་པ་དང་རྩོམ་སྒྲིག་པ།

བློ་བཟང་དམ་ཆོས་ནི་སྨར་ཁམས་རོང་མི་ཞེས་པའི་གྲོང་ཚོ་ནང་སྐྱེས་ཤིང་། ཕྱི་ལོ་༡༩༩༤ལོར་བཙན་བྱོལ་དུ་འབྱོར་ནས་གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཆོས་སྒོར་ཞུགས་ནས་བོད་ཀྱི་རིག་གནས་དང་མདོ་སྔགས་ཀྱི་གཞུང་ལུགས་ཁག་ལ་ཐོས་བསམ་མི་དམན་ཙམ་བྱས་མཐར། ཕྱི་ལོ་༢༠༠༨ལོར་མདོ་སྔགས་རབ་འབྱམས་པ་སློབ་ཐོན་བྱས།༢༠༡༣ལོ་ནས་༢༠༡༥་བར་རྡ་ས་རུ་ཨིན་ཡིག་དང་གློག་ཀླད་སོགས་སྦྱངས་པ་བྱས། ༢༠༡༥ནས་༢༠༡༨བར་ལོ་གསུམ་མ་ཟིན་ཙམ་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དུ་དྭངས་བླངས་ཀྱིས་བོད་ཡིག་རྨང་གཞི་འཛིན་གྲྭའི་སློབ་ཁྲིད་གནང་ཡོད།ཕྱི་ལོ་༢༠༡༨ ཟླ་༥ ནས་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དུ་དངོས་སུ་ལས་བྱེད་འཛུལ་ཞུགས་ཀྱིས་བོད་ཡིག་གི་ལས་དྲུང་དང་། དེ་བཞིན་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་དྲྭ་རྒྱ་དང་། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་དྲྭ་རྒྱ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་འཕྲིན་དྲྭ་བ་བཅས་ཀྱི་དྲྭ་རྒྱའི་དོ་དམ་པ་དང་རྩོམ་སྒྲིག་པའི་འགན་འཁུར་ཞུ་མུས་ཡིན།

 

choeyang               ལྷ་སྤྱི་ཚོགས་ཞབས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་

                     ལས་དྲུང་དང་སྣེ་ལེན་འབྲེལ་མཐུད་པ།

ཆོས་དབྱངས་དབང་མོ་ལགས་ནི་བོད་དུ་སྐྱེས་ཤིང་། ཕྱི་ལོ་༢༠༠༠ལོ་བཙན་བྱོལ་དུ་འབྱོར་ནས་ཐོག་མ་སྦིར་སུ་ཇ་སློབ་གྲྭར་འཛུལ་ཞུགས་ཀྱིས་འཛིན་རིམ་ ༡༢ ཐོན་རྗེས་ལྡི་ལིར་མཐོ་སློབ་འགྲིམ་བཞིན་དུ་༢༠༡༣ནས་༢༠༡༤་བར་ལོ་གཅིག་གི་རིང་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་དང་(Naz Foundation NGO HIV/AIDS) སོགས་ཀྱིས་ནང་དྭངས་བླངས་ཀྱིས་ཕྱག་ལས་གནང་ཡོད་པ་དང་། མཐོ་སློབ་མཐར་ཕྱིན་ནས་ཟླ་ཤས་རྗེས་ལྡི་ལི་བོད་ཁང་དུ་ལོ་གཅིག་གི་རིང་ཕྱག་ལས་གནང་ཡོད། དེ་རྗེས་ཟླ་ཤས་རིང་ནད་པའི་ལྟ་སྐྱོང་ཚོགས་པ་ཞིག་ཏུ་ཕྱག་ལས་གནང་ཡོད་པ་རེད། ༢༠༡༨ ཟླ་ ༥ པ་ནས་འདི་གར་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དུ་འཛུལ་ཞུགས་ཀྱིས་ལས་ཁུངས་སུ་ལས་དྲུང་དང་སྣེ་ལེན་འབྲེལ་མཐུད་པའི་ཕྱག་ལས་གནང་མུས་ཡིན།

  

NYIMAལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ལས་འཆར་དོ་དམ་པ།

བསྟན་འཛིན་ཉི་མ་ལགས་ནི་ཕྱི་ལོ་༡༩༩༤ ཟླ་ ༡༡ ཚེས་ ༢༡ ཉིན་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་སྐྱེས། འཛིན་གྲྭ་བཅུ་པ་བར་གཞིས་ཆགས་ཀྱི་སློབ་གྲྭར་ཞུགས། འཛིན་རིམ་ ༡༡དང་༡༢ མོན་གྷོ་གཞིས་ཆགས་སུ་བསྐྱོད་པ་དང་། (Teresian college)ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་སློབ་མཐར་ཕྱིན་རྗེས། རྒྱ་གར་གྱི་གྲོང་ཁྱེར་མཡེ་སོར(Mysore)གཙུག་ལག་སློབ་གཉེར་ཁང་ནས་ཚོང་ལས་འཛིན་སྐྱོང་སྐོར་གཙུག་ལག་རབ་འབྱམས་པ་སློབ་ཐོན་བྱས། དེ་རྗེས་ཟླ་བ་གཅིག་ཙམ་རིང་འདི་གར་ལས་ཁུངས་སུ་དྭངས་བླངས་ཀྱིས་ཐོག་ནས་ཨིན་ཇི་སློབ་ཁྲིད་གནང་ཡོད། ཕྱི་ལོ་༢༠༡༨ ཟླ་ ༥ པའི་ནང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དུ་ལས་ཞུགས་ཀྱིས་ལས་འཆར་དོ་དམ་པ་ཕྱག་ལས་གནང་མུས་ཡིན།

 

 

Yangduལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་སྤྱི་ཐབ་མ་བྱན་ཆེན་མོ།

བསྟན་འཛིན་གཡང་འདུ་ལགས་ནི་ཕྱི་ལོ་ ༡༩༩༡ ལོར་ཁམས་སྡེ་དགེ་རུ་སྐྱེས། ཕྱི་ལོ་ ༢༠༠༧ ཟླ་ ༡༢ པའི་ནང་ཤར་གངས་རི་བརྒྱུད་བལ་ཡུལ་དང་། དེ་ནས་རྒྱ་གར་ལ་འབྱོར་རྗེས་ཕྱི་ལོ་ ༢༠༡༢ བར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་ཆོས་རིག་འཛིན་སྐྱོང་སློབ་གྲྭར་སློབ་སྦྱོང་བྱས། དེའི་རྗེས་རྡ་རམ་སར་ཡོང་ནས་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་བོད་ཀྱི་བདེ་རྩ་སོགས་སུ་སློབ་སྦྱོང་བྱས་མཐར། ཕྱི་ལོ་ ༢༠༡༣ ནས་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་དུ་ལས་ཞུགས་ཀྱིས་ད་ལྟ་མ་བྱན་ཆེན་མོའི་ལས་འཁུར་གནང་མུས་ཡིན།

 

 

dhukkarbtseringལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་སྤྱི་ཐབ་མ་བྱན།

གདུགས་དཀར་ཚེ་རིང་ལགས་ནི་ཁམས་ཚ་བ་དཔའ་ཤོད་ཡུལ་དུ་སྐྱེས་ཤིང་།ཕྱི་ལོ་༢༠༠༣ལོར་བཙན་བྱོལ་དུ་འབྱོར་ཏེ་སུ་ཇ་སློབ་གྲྭར་འཛུལ་ཞུགས་ཀྱིས་ལོ་གཉིས་སློབ་སྦྱོང་བྱས་མཐར་རྡེ་ར་རྡུན་ལ་ཡོད་པའི་ལག་ཤེས་སྦྱོང་བརྡར་ཁང་དུ་ཟླ་དྲུག་རིང་ཞལ་ལག་བཟོ་སྟངས་སྦྱངས་ཤིང་།ཕྱི་ལོ་ ༢༠༡༧ ལོ་ནས་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དུ་འཛུལ་ཞུགས་ཀྱིས་སྤྱི་ཐབ་མ་བྱན་གྱི་ཕྱག་ལས་གནང་མུས་ཡིན།

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

Leave your comment