ཟླ་བ་བཞིའི་རིང་བོད་ཀྱི་སྲོལ་རྒྱུན་ཕུར་མཉེའི་སྦྱོང་བརྡར་གསལ་བསྒྲགས།།
ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་གོ་སྒྲིག་དང་། ཨ་རིའི་བོད་ཀྱི་ཐེབས་རྩས་མཐུན་འགྱུར་འོག་གངས་ལྗོངས་བདེ་ཐང་ལྟེ་གནས་དང་མཉམ་འབྲེལ་གྱིས་རང་རིགས་གཞོན་སྐྱེས་རྣམས་ཀྱི་ཆེད་ ༢༠༡༩ ཟླ་ ༥ ཚེས་༨ ནས་ ཟླ་ ༨ ཚེས་ ༢༨ བར་དུས་ཡུན་ཟླ་བ་བཞི་ཙམ་རིང་བོད་ཀྱི་སྲོལ་རྒྱུན་ཕུར་མཉེའི་སྦྱོང་བརྡར་ཞིག་འགོ་འཛུགས་བྱ་འཆར་ཡོད་ན་ཞུགས་བློ་ཡོད་རིགས་རྣམས་ཀྱིས་ཟླ་༥ ཚེས་༤ ཉིན་ནང་ཚུད་དུ་ཐོ་འགོད་ཡོང་བའི་གསལ་བསྒྲགས་སུ།།
སྦྱོང་བརྡར་གྱི་རྣམ་གྲངས་གང་ཡོད་པ་རྣམས་གཤམ་གསལ།
- བོད་ཀྱི་སྲོལ་རྒྱུན་ཕུར་མཉེ་ཆ་ཚང་།
- སུ་ཌན་སྲོལ་རྒྱུན་ཕུར་མཉེ་དང་དྲི་ཞིམ་གསོ་ཐབས་ཕུར་མཉེའི་ངོ་སྤྲོད།
- བརྒྱ་ཆ་༣༠ ནི་རྩ་བའི་སློབ་ཁྲིད་དང་བརྒྱ་ཆ་༧༠ ལག་ལེན་གྱི་ཐོག་ནས་སྦྱོང་བརྡར་ཡིན།
- ཟླ་བ་གཉིས་རིང་ལས་ཀ་དངོས་གཞིའི་སྦྱོང་བརྡར་སྤྲོད་རྒྱུ་ཡིན།
- གང་ཟག་རང་ཉིད་ཀྱི་སྤྱོད་ལམ་གོང་མཐོར་གཏོང་ཐབས་དང་། གཞི་རྩའི་དཔལ་འབྱོར་འདུ་འགོད་གྱི་གོ་རྟོགས། དེ་བཞིན་རྨང་གཞི་ཨིན་སྐད་སྦྱོང་བརྡར་ལ་སོགས་པའི་སློབ་ཚན་གཞན་ཁག་འགའ་ཤས་ཚུད་ཡོད།
ཁེ་ཕན་གཞན་ཐོབ་རྒྱུ་ཁག་གཤམ་གསལ།
- བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་སྤྲོད་རྒྱུ །
- མ་འོངས་པའི་མདུན་ལམ་གྱི་ཆེད་དུ་ལས་ཀ་འཚོལ་ཐབས་ཀྱི་གཞོགས་འདེགས་གནང་རྒྱུ །
- སྦྱོང་བརྡར་གྱི་དུས་ཡུན་རིང་ཉིན་གུང་ཞལ་ལག་རིན་མེད་དུ་འབུལ་རྒྱུ་བཅས་ཡིན།
ཐོ་འགོད་བྱ་ཡུལ་གྱི་ཁ་པར་
༩༨༨༢༣༢༣༤༥༥ ༨༦༢༧༨༠༡༩༤༩