༢༠༡༩ ལོའི་ལྷ་སྤྱི་ཐབ་ཁང་གི་ཞལ་ལག་ཐོ་འགོད་གསལ་བསྒྲགས།

ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༦ ཉིན་ཏེ་ྋགོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་༼སྐྱབས་བཅོལ་བོད་མིའི་སྤྱི་ཐབ་༽འདི་གསར་དུ་སྒོ་ཕྱེས་ཤིང་། དེ་ཡང་སྤྱི་ཐབ་འདི་འདྲ་ཞིག་གསར་འཛུགས་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་གཉིས་ཡོད།
དང་པོ། ང་ཚོ་སྐྱབས་བཅོལ་བའི་གནས་བབས་འོག་ཟས་གོས་སོགས་དཀའ་ངལ་ཡོད་མཁན་མི་ཉུང་བ་ཞིག་ཡོད་པས་ཉམ་ཐག་མི་མང་གི་དཀའ་ངལ་སེལ་ཆེད་དང༌། གཉིས་པ། ང་ཚོའི་སྤྱི་ཚོགས་ནང་ནད་རིགས་མང་པོ་ཞིག་ཟས་བཅུད་མི་འདང་བའི་དཀའ་ངལ་ལ་བརྟེན་ནས་ཡོང་གི་ཡོད་པས།

ང་ཚོའི་སྤྱི་ཚོགས་ནང་འཕྲོད་བསྟེན་ཡར་རྒྱས་གཏོང་ཆེད་སྤྱི་ཐབ་འདི་སྒོ་ཕྱེས་པ་ཡིན། ལྷའི་སྐྱབས་བཅོལ་བོད་མིའི་སྤྱི་ཐབ་ནས་རོགས་རམ་དགོས་ངེས་ཅན་གྱི་མི་གྲངས་ ༥༠ ནས་ ༦༠ བར་ལ་བདུན་རེའི་གཟའ་སྤེན་པ་དང་ཉི་མ་ཕུད། ཉིན་ལྟར་གུང་ཚིགས་འབུལ་བཞིན་པ་ལྟར། ང་ཚོས་ཉིན་ལྟར་ཟས་བཅུད་ལྡན་པའི་ཞལ་ལག་མཐུན་རྐྱེན་སྦྱར་གྱི་ཡོད་ན། ༢༠༡༩ ཟླ་༣ ཚེས་༡ ནས་ནམ་རྒྱུན་གཅིག་མཚུངས་ལྟར་ལྷ་སྤྱི་ཐབ་ཁང་སྒོ་འབྱེད་རྒྱུ་ཡིན་པས་ཞལ་ལག་མཚན་ཐོ་འགོད་པར་ཕེབས་མཁན་རྣམས་ལ་གསལ་བསྒྲགས་ཞུ་རྒྱུར། དོ་བདག་ཁུངས་སོ་སོའི་ཚོགས་པ་སྐྱིད་སྡུག་ཁག་དང་། དེ་བཞིན་དགོན་སྡེ་སོགས་གང་རུང་ཞིག་ནས་དངོས་ཡོད་ཀྱི་དཀའ་ངལ་ཡོད་པ་རྒྱབ་གཉེར་ཡིག་ཆ་དང་དཔྱ་ཁྲལ་ལག་དེབ་ངོ་མ་མཉམ་འཁྱེར་གནང་དགོས་པ་ཡིན། སྤྱིར་བཏང་སྤྱི་ཐབ་དེའི་འགྲོ་སོང་རྣམས་ངེས་མེད་སྦྱིན་བདག་ཁག་ནས་ཞལ་འདེབས་གནང་གི་ཡོད་ཀྱང་ད་ལན་༢༠༡༩ ལོའི་ལས་གཞིའི་དེའི་འགྲོ་གྲོན་རྣམས་སུད་སིར་ཡོད་པའི་ནོར་བཟང་ཐེབས་རྩ་(NORSANG FOUNDATION)ནས་གནང་རྒྱུའི་ཞལ་བཞེས་ཐོབ་ཡོད་ན་༢༠༡༩ ཟླ་༢ ཚེས་༢༨ ནང་ཚུད་དུ་ཐོ་འགོད་དགོས་པའི་གསལ་བསྒྲགས་སུ།།
ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས་༢༠༡༩ ཟླ་༢ ཚེས་༢༠ ཉིན།།

Leave your comment