དོན་གཉེར་ཅན་རྣམས་ལ་དམིགས་ནས་བོད་ཀྱི་བརྡ་སྤྲོད་འཛིན་གྲྭ་འགོ་འཛུགས།
གསལ་བསྒྲགས་སྔོན་སོང་ལྟར། ཕྱི་ལོ ༢༠༡༧ ལོ་ནས་འགོ་འཛུགས་ཀྱིས་བོད་ཀྱི་བརྡ་སྤྲོད་འཛིན་གྲྭ་དེ་ཉིད་དྷ་ས་རུ་ཡོད་པའི་བོད་པ་དང་ཧི་མ་ལ་ཡའི་གཞོན་སྐྱེས་ཚོ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ནང་ཕྱག་ལས་གནང་བཞིན་པ་བཅས་ལ་དམིགས་ནས་བོད་ཀྱི་སྐད་ཡིག་ཡར་རྒྱས་གོང་མཐོར་གཏོང་ཆེད་བཙུགས་པ་ཞིག་ཡིན། འདི་ལོའི་ཡང་ཟླ་ ༨ ཚེས་ ༡༦ ཉིན་ནས་འགོ་འཛུགས་ཀྱིས་ཟླ་ ༡༡ ཚེས་ ༡༦ བར་ཟླ་བ་གསུམ་རིང་ཚོགས་བཞིན་ཡོད།
འཛིན་གྲྭ་དེར་འཛུལ་ཞུགས་པ་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ལས་བྱེད་དང་། གྲྭ་བཙུན་ཁག དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཁག་ནས་ཕེབས་པ་བཅས་ཁྱོན་སློབ་ཕྲུག་གྲངས་ ༣༠ ཙམ་ཡོད་པ་དང་། ཁོང་རྣམས་ལ་བོད་ཀྱི་བརྡ་སྤྲོད་ཡར་རྒྱས་དང་གང་ཅི་ཐད་ཕན་ཐོགས་རྒྱ་ཆེར་ཡོང་གི་ཡོད་ཅིང་། ལས་གཞི་འདི་བརྒྱུད་ནས་ང་ཚོའི་ཚོགས་པས་བོད་ཀྱི་སྐད་ཡིག་དང་རིག་གནས་སོགས་མི་ཉམས་རྒྱུན་འཛིན་དང་ཡར་རྒྱས་གཏོང་རྒྱུའི་དམིགས་འབེན་ཡིན་པ་རེད། སྐབས་དོན་གྱི་ལས་གཞི་དེ་འདྲ་ཞིག་བརྩམས་ཐུབ་པ་དེ་ནི་རོགས་སྐྱོར་དང་མཉམ་ལས་གནང་མཁན་རྣམས་གྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་པས། ང་ཚོས་ཚོགས་པའི་ངོས་ནས་ཨ་རི་བོད་ཀྱི་ཐེབས་རྩ་དང་རྐིཏི་བྱེས་པ་གྲྭ་ཚང་། དེ་བཞིན་སློབ་ཁྲིད་པ་རིག་གནས་རབ་འབྱམས་པ་རྒན་དགེ་འདུན་བཅས་ཚང་མ་ལ་བཅོས་མིན་གྱི་ཐུགས་རྗེ་ཆེ་ཞུ་རྒྱ་དང་། སླད་མར་ཡང་ང་ཚོར་རྒྱབ་སྐྱོར་དང་མཉམ་ལས་གང་མང་གནང་སྐྱོང་ཡོང་བ་མཁྱེན།།