བརྡ་དག་རིག་གནས་འཛིན་གྲྭ་འཚོག་རྒྱུའི་གསལ་བསྒྲགས།
ཕྱི་ལོ་ ༢༠༡༧ ལོ་ནས་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་གོ་སྒྲིག་འོག་རང་རེའི་རྩ་ཆེའི་ཆོས་དང་། ལེགས་བྱང་། མི་རིགས་ཀྱི་ངོ་བོ་སོགས་ཀུན་གྱི་སྲོག་རྩར་གྱུར་པའི་བོད་ཀྱི་སྐད་ཡིག་འདི་ཉིད་མི་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོའི་སླད།
ཐུགས་སྣང་ཅན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་བྱེད་གཙོས་པའི་རང་རེའི་སྤྱི་ཚོགས་ནང་བོད་ཀྱི་བརྡ་དག་རིག་གནས་ཡར་རྒྱས་གཏོང་འདོད་ཡོད་མཁན་རྣམས་ལ་དམིགས་ཏེ་དབྱར་ཁའི་ཟླ་བ་གསུམ་ཙམ་ཪིང་བརྡ་སྤྲོད་རིག་གནས་ཀྱི་འཛིན་གྲྭ་ཞིག་འཚོགས་ཡོད་པས་དོན་གཉེར་ཅན་མི་ཉུང་བ་ཞིག་ལ་ཕན་རླབས་ཆེན་པོ་བྱུང་འདུག་ན། འདི་ལོ་ཡང་ང་ཚོའི་ཚོགས་པ་དང་ཨ་རི་བོད་ཀྱི་ཐེབས་རྩ་ཟུང་འབྲེལ་གྱིས་རིན་མེད་ཀྱི་ཐོག་ནས་ཟླ་༨ ཚེས་༡༦ ནས་བཟུང་ཟླ་བ་གསུམ་གྱི་རིང་འཚོག་རྒྱུ་ལགས་ན།
གདན་ཞུས་རིག་གནས་དགེ་རྒན་ནི་ཀིརྟི་བྱེས་པ་གྲྭ་ཚང་གི་མཐོ་རིམ་རིག་གནས་རབ་འབྱམས་སློབ་ཐོན་པ་དགེ་འདུན་ལགས་ཡིན། བོད་ཀྱི་སྐད་ཡིག་རིག་གནས་ལ་གཅེས་འཛིན་གནང་མཁན་དང་ཡར་རྒྱས་གཏོང་འདོད་ཡོད་མཁན་རྣམས་གང་མང་འཛུལ་ཞུགས་ཡོང་བའི་རེ་བ་བྱེད་བཞིན་ཡོད་ན་དེ་དོན་ལྷན་རྒྱས་ཀྱིས་རང་དོན་རང་གཅེས་ཀྱིས་ཐོ་འགོད་དང་འབྲེལ་གང་མང་ཕེབས་གནང་ཡོང་བར་ཞུ། འཛིན་གྲྭ་ཚོགས་པའི་དུས་ཚོད་ནི་ ༢༠༡༨ཟླ་ ༨ ཚེས་ ༡༦ ནས་ ཟླ་ ༡༡ པའི་བར་གུང་སེང་ཁག་ཕུད་རེས་གཟའ་ཟླ་བ་ནས་པ་སངས་བར་ཉིན་རྒྱབ་ཆུ་ཚོད་ ༥:༣༠ ནས་ ༦:༣༠ བར་ཡིན་ཞིང་། གལ་སྲིད་འཛིན་གྲྭར་འཛུལ་ཞུགས་གནང་འདོད་ཡོད་ཚེ་ཟླ་ ༨ཚེས་ ༡༥ བར་ལས་ཁུངས་ཀྱི་དུས་ཚོད་རིང་འདི་གའི་ལས་ཁུངས་སུ་ཐོ་འགོད་ངེས་པར་དུ་གནང་དགོས་རྒྱུ། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས་ཕྱི་ལོ་ ༢༠༡༨ཟླ་ ༠༧ཚེས་ ༢༧ ཉིན།
འབྲེལ་གཏུག་ཁ་པར་ཨང་། ༢༢༠༩༩༢ / ༩༨༨༢༣༢༣༤༥༥