པར་ལེན་སྒྱུ་རྩལ་སྦྱོང་བརྡར།
ཕྱི་ལོ་ ༢༠༠༨ ནས་འགོ་འཛུགས་ཀྱིས་པར་ལེན་སྒྱུ་རྩལ་སྦྱོང་བརྡར་ཟབ་སྦྱོང་ཐེངས་བཞི་ཙམ་གོ་སྒྲིག་བྱས་པ་བརྒྱུད་མི་གྲངས་ ༤༠ ཙམ་མཉམ་ཞུགས་བྱས་ཤིང་། ཟབ་ཁྲིད་གནང་མཁན་ཕྱི་རྒྱལ་པར་ལེན་ཁྱད་ལས་པ་ཡིན་ལ། ཟབ་སྦྱོང་གི་དུས་ཡུན་ཟླ་བ་གཅིག་ནས་གཉིས་བར་དང་། ཟབ་སྦྱོང་ཚར་རྗེས་ཁོ་ཚོས་བླངས་པའི་དཔར་རིས་འགྲེམས་སྟོན་དང་ལག་འཁྱེར་སོགས་སྤྲད། པར་རིས་དེ་དག་ནི་རིག་གཞུང་དང་མི་རིགས་སྣ་མང་འདྲེས་པའི་ཡུལ་སྐོར་བ་གཙོས། མི་སྒེར་གྱི་མི་ཚེའི་འཚོ་བ། དྷ་སའི་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་སོགས་ཚུད་ཡོད་ཅིང་། པར་ཁག་ཅིག་སློབ་ཕྲུག་སོ་སོས་དྲ་ཚིགས་བཟོས་ཏེ་རང་ཉིད་ཀྱི་པར་རྒྱག་སྒྱུ་རྩལ་སྐོར་འཛམ་གླིང་ལ་ཁྱབ་བསྒྲགས་ཡོང་ཐབས་བྱས་ཡོད་།