ཐུ་ལན་གཙུག་ལག་སློབ་གྲྭའི་སྤྱི་ཚོགས་ཞབས་ཞུའི་སྡེ་ཚན་གྱི་འཚམས་འཕྲིན།
༄༅།། བརྩེ་བའི་ངག་དབང་ལགས། འདས་པའི་ལོ་ངོ་ཉི་ཤུ་ཙམ་གྱི་རིང་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་འབྲེལ་ལམ་བྱེད་རྒྱུ་བྱུང་བ་ནི་དམིགས་བསལ་ཆེ་མཐོང་དང་གཟི་བརྗིད་ལྡན་པ་ཞིག་ཏུ་བརྩི་བཞིན་ཡོད། དུས་ཡུན་དེའི་རིང་། ང་ནི་ལྷ་ཚོགས་པའི་ལས་འཆར་མང་པོ་ཞིག་ལ་ཆ་ཤས་ཧུར་ཐག་ལེན་མཁན་ཞིག་ཡིན་ལ། ལྷ་ནི་སྐྱབས་བཅོལ་བོད་མིར་ཞབས་ཞུ་སྒྲུབ་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ནང་གི་སྒྲིག་འཛུགས་གལ་ཆེ་ཤོས་དང་གོང་འཕེལ་རྒྱ་བསྐྱེད་འགྲོ་བཞིན་པ་ཞིག་མཐོང་སོང་། ལོ་འདི་དག་ནང་ཚོགས་པའི་ལས་གཞི་མང་པོ་གོང་འཕེལ་བྱུང་བ་དང་། ཚོགས་པའི་ཐོག་མའི་དམ་བཅའ་སྟེ་རང་ཡུལ་དང་ཁ་བྲལ་ནས་ཡོང་བའི་རྒྱ་གར་དུ་ཡོད་པ་དང་། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་རིགས་རྣམས་ལ་ཞབས་ཞུ་བསྒྲུབ་རྒྱུ་སོགས་ཡིན་པ་དྲན་སོས་ཀྱི་འདུག ལས་འཆར་དེ་རྣམས་ཞབས་ཕྱི་ཞུ་ཡུལ་རྣམས་ལ་གལ་གནད་ཆེ་ཞིང་དོན་སྙིང་ལྡན་པ་དང་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡིན་པ་ཧ་ལམ་བསམ་བརྗོད་ལས་འདས་པ་ཞིག་རེད།
ལྷ་ནི་འགྲོ་ཀུན་བདེ་ཐབས་ཀྱི་ཆེད་དུ་མུ་མཐུད་ནས་གལ་ཆེན་ཆགས་ཀྱི་འདུག་པ་དང་། དེ་བཞིན་འཕྲོད་བསྟེན་དང་། དཔལ་འབྱོར། བདེ་དོན་སོགས་ཀྱི་ཞབས་ཞུའི་ཐད་ནས་ལོ་རེ་བཞིན་གལ་ཆེན་དུ་གྱུར་བཞིན་ཡོད་ཅིང་། ལྷ་ཚོགས་པས་ལས་འཆར་འདི་དག་བྱམས་བརྩེ་ལྡན་པའི་ཐོག་ནས་ལག་ལེན་བསྟར་བཞིན་ཡོད། ང་རང་ལྷ་དང་མཉམ་ལས་བྱ་རྒྱུ་དང་། གཞན་ལ་ལྷའི་སྐོར་ངོ་སྤྲོད་བྱ་རྒྱུར་ཧ་ཅང་དགའ་པོ་ཡོད། ཨ་རིར་ཡོད་པའི་ཐུ་ལན་གཙུག་ལག་སློབ་གྲྭའི་སྤྱི་ཚོགས་ཞབས་ཞུའི་སྡེ་ཚན་ (Tulane University School of Social Work) གྱི་ངོས་ནས་སྤྱི་ཚོགས་ཀྱི་དགོས་མཁོའི་ཞབས་ཞུ་བསྒྲུབ་རྒྱུ་དམིགས་ཡུལ་དུ་བཟུང་བའི་སྒྲིག་འཛུགས་ཤིག་ལ་མཚོན་ན་འགྲན་སྡུར་དང་དཀའ་ཁག་ཇི་སྙེད་ཅིག་ཡོད་པ་ཤེས་ཀྱི་ཡོད་སྟབས། ལྷ་ཚོགས་པས་ལས་དོན་འདི་དག་ཆེ་མཐོང་ལྡན་པའི་ཐོག་ནས་ལེགས་གྲུབ་ཡོང་བར་འཆར་འགོད་གང་ལེགས་བྱས་པར་བསྔགས་བརྗོད་དང་ཡི་རང་ཞུ་བཞིན་ཡོད།
འདས་པའི་ལོ་ངོ་མང་པོའི་ནང་ལྷའི་འགན་འཛིན་དང་། ལས་བྱེད་རྣམས་དང་ཐད་ཀར་འབྲེལ་ལམ་དང་འཆམ་མཐུན་བྱུང་བ་ནི་ཧ་ཅང་དགའ་འོས་པ་ཞིག་དང་། དེ་བཞིན་འདི་ནས་སློབ་ཐོན་པ་རྣམས་ལ་ལྷ་ཚོགས་པ་ངོ་སྤྲོད་བྱས་པའི་ཉམས་མྱོང་ཡང་ཧ་ཅང་གི་སྤྲོ་སྣང་ལྡན་པ་ཞིག་རེད།
ལོ་ངོ་ཉི་ཤུ་འཁོར་བའི་དུས་དྲན་གྱི་རྟེན་འབྲེལ་དགེ་བའི་ཉིན་མོ་འདིར་ངའི་སེམས་གཏིང་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། མ་འོངས་པའི་བྱ་གཞག་ཁག་མུ་མཐུད་ནས་ལམ་ལྷོངས་ཡོང་བའི་སྨོན་འདུན་གྲངས་མེད་ཞུ།
འབུམ་རམས་པ་རཱོན་མར་ཁ་སི་ (Ron Marks, PHD.,M.S.W.) ཡིས་ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༠ ཉིན།