རྒྱལ་སྤྱིའི་རོ་ཊར་རི་སྤྱི་ཚོགས་ཞབས་ཞུའི་སྡེ་ཚན་གྱི་འཚམས་འཕྲིན།
༄༅།། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གིས་འགྲོ་བ་མིའི་རིགས་ལ་ལོ་ངོ་ཉི་ཤུའི་རིང་ཞབས་ཞུ་བསྒྲུབས་པར་བཀྲ་ཤིས་བདེ་ལེགས་ཞུ་འདོད་བྱུང་། ཚོགས་པ་འདིས་ད་ལྟ་རྒྱ་གར་དུ་སྡོད་པའི་བོད་རིགས་སྐྱབས་བཅོལ་བའི་སྤྱི་ཚོགས་ཀྱི་འཕོ་འགྱུར་ལ་མཐུན་རྐྱེན་སྦྱར་བ་ཙམ་མ་ཡིན་པར་ས་གནས་ཀྱི་རྒྱ་གར་མི་མང་གིས་མཚོན་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་དགོས་མཁོ་ཅན་དག་ལའང་ཞབས་ཞུ་སྒྲུབ་བཞིན་ཡོད།
དྷ་སའི་རོ་ཊར་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གཉིས་ ༢༠༠༥ ལོ་ནས་མཉམ་ལས་བྱ་འགོ་ཚུགས་པ་དང་། ལྷ་ཚོགས་པས་དྷ་སའི་རོ་ཊར་རི་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་ལྷན་དུ་དྷ་སའི་དགོས་ངེས་ཅན་དག་ལ་རོགས་སྐྱོར་འདྲ་མིན་གྱི་སྲི་ཞུ་བསྒྲུབས་ཡོད། རོ་ཊར་སྤྱི་ཚོགས་ཞབས་ཞུ་ཚོགས་པ་ནི་འགྲོ་བ་མིའི་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་ཅིང་། སྤྱི་ཚོགས་ཞབས་ཞུ་བརྒྱུད་ནས་མི་ཧ་ཅང་མང་པོའི་མི་ཚེར་འགྱུར་བ་གཏོང་མཁན་ཏེ་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་དང་མཉམ་ལས་བྱེད་རྒྱུ་བྱུང་བ་ནི་ང་ཚོའི་གཟི་བརྗིད་ཅིག་ཡིན།
ང་ཚོའི་མཉམ་ལས་བརྒྱུད་ནས་ལྷ་ཚོགས་པས་རྒྱ་གར་གྱི་ས་གནས་སློབ་གྲྭ་གསུམ་ལ་འཐུང་ཆུ་གཙང་བཟོའི་ལས་འཆར་དང་། གྱོན་གོས་ཤིན་ཏུ་ཕོན་ཆེན་པོའི་ཞལ་འདེབས། བྱིས་པའི་སློབ་དེབ་དང་། ཚིག་མཛོད་སྒམ་ཆེན་པོ་ ༥༥ སློབ་གྲྭར་འབྲུ་རིགས་ཞལ་འདེབས་སོགས་ལས་འཆར་འདྲ་མིན་ཐོག་ནས་རོགས་རམ་བྱས་ཡོད།
ངས་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་རོ་ཊར་རི་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ཚོགས་མི་ཡོངས་ནས་འཚམས་འདྲི་དང་། བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
རྒྱལ་སྤྱིའི་རོ་ཊར་སྤྱི་ཚོགས་ཞབས་ཞུའི་སྡེ་ཚན་གྱི་སྤྱི་ཁྱབ་པཱར་ཝན་དྷར་རྗེ་ཋི་སིང་ (Rtn Parvinder Jit Singh) གིས་ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༡ ཉིན།