ལས་དོན་གྲུབ་འབྲས་ཀྱི་གྲངས་ཐོ།
- སློབ་མ་ ༡༡,༤༢༢ ལ་ང་ཚོའི་སྐད་ཡིག་འདྲ་མིན་གྱི་འཛིན་གྲྭ་ནས་ཁེ་ཕན་ཐོབ་ཡོད།
- སློབ་མ་ ༢,༩༥༥ ལ་ང་ཚོའི་ཀམ་པུ་ཊར་འཛིན་གྲྭ་ནས་ཁེ་ཕན་ཐོབ་ཡོད།
- ཕྱི་རྒྱལ་གྱི་ཤེས་ཡོན་ལྟེ་གནས་ཁང་ཁག་ནས་ཕེབས་པའི་སློབ་མ་ཧ་ལམ་ ༡‚༢༥༨༡ ཙམ་གྱིས་རིག་གཞུང་བརྗེ་རེས་ཀྱི་ལས་གཞི་ལ་ཆ་ཤས་བླངས་འདུག
- རྒྱལ་ཁབ་མི་འདྲ་བ་ ༤༢ ལྷག་ནས་དྭང་བླངས་བ་ ༧, ༤༢༡ བརྒལ་བས་ལྷའི་ལས་དོན་ལ་ཞབས་འདེགས་ཞུས་ཡོད།
- དཔེ་དེབ་གྲངས ༣༤,༣༤༠ བོད་རིགས་དང་། ས་གནས་རྒྱ་གར་གྱི་སློབ་གྲྭ་དང་། དཔེ་མཛོད་ཁང་སོགས་ལ་ཞལ་འདེབས་ཕུལ་ཡོད།
- གྱོན་གོས་སྣེ་ཁ་གྲངས་ ༣༨,༠༤༧ ལྷག་བསྡུ་རུབ་ཀྱིས་ཞལ་འདེབས་ཁང་བརྒྱུད་ནས་ཞལ་འདེབས་ཕུལ་ཡོད།
- ལྷའི་འཐུང་ཆུ་གཙང་བཟོའི་ལས་འཆར་གྱི་འོག་ཆུ་ཚགས་འཕྲུལ་ཆས་ ༢༥ གསར་འཛུགས་དང་། དེ་དག་ལ་བརྟེན་ནས་མི་གྲངས་ ༡༥,༢༠༠ ཙམ་འཐུང་ཆུ་གཙང་མར་ལོངས་སྤྱོད་བྱེད་བཞིན་པ་རེད།
- ལྷའི་མིག་བརྟག་དཔྱད་ཀྱི་ལས་འཆཪ་གྱི་འོག མི་གྲངས་ ༥༧༧ ལ་རིན་མེད་མིག་བརྟག་དཔྱད་དང་། མི་ ༤༤༥ ལ་རིན་མེད་མིག་ཤེལ་ཕུལ་ཡོད།
- ལྷའི་སོ་སྨན་བཅོས་ལྟ་སྐྱོང་གི་ལས་འཆར་འོག མི་གྲངས་ ༦༥༨ ལ་རིན་མེད་སོ་བརྟག་དཔྱད་དང་། གཙང་བཟོ། སོ་སྟོང་པ་རྒྱོང་བ། སོ་སྨན་སོགས་ཀྱི་ཁེ་ཕན་ཐོབ་ཡོད།
- ཕྱི་ལོ་ ༢༠༠༩ ནས་བཟུང་། འབྲེལ་གཏུག་དུས་དེབ་ ༨༠,༣༠༠ དཔར་སྐྲུན་དང་རིན་མེད་འགྲེམ་སྤེལ་ཞུས་ཡོད།
- ལྷའི་བསྐུ་མཉེའི་སྦྱོང་བརྡར་ལས་མི་གྲངས་ ༡༦༩ སློབ་མཐར་ཕྱིན་ཡོད།
- ཕྱི་ལོ་ ༢༠༡༥ ནས་བཟུང་གོ་སྒྲིག་བྱེད་བཞིན་པའི་ཤེས་ཡོན་དང་སློབ་གསོའི་སྐོར་གྱི་གསུང་བཤད་ཀྱིས། ཕ་མ་དང་སློབ་ཕྲུག་ ༦༩༢ ལ་ཕན་ཐོགས་བྱུང་ཡོད།
- ལྷའི་པར་ལེན་སྦྱོང་བརྡར་ནས་མི་གྲངས་ ༦༧ སློབ་ཐོན་བྱུང་ཡོད།
- ལྷའི་སྤྱི་ཐབ་ནས་དགོས་མཁོ་ཅན་གྱི་མི་གྲངས་ ༥༠ ནས་ ༦༠ ཙམ་ལ་ཉིན་ལྟར་གུང་ཚིགས་ཕུལ་བ་བརྒྱུད་ད་བར་བསྡོམས་པའི་མི་གྲངས་ ༧༢༥ ཙམ་ལ་ཁེ་ཕན་ཐོབ་ཡོད།
- རྒན་རྒོན་ ༡༣༠ ལ་ལྷའི་རྒན་རྒོན་ལྟ་སྐྱོང་གི་ལས་གཞིའི་ཁེ་ཕན་ཐོབ་ཡོད།
- ཕྱི་རྒྱལ་མི་རིགས་ ༡༢༤༥ ཙམ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་སློབ་སྦྱོང་བྱས་ཡོད།
- འབྲེལ་གཏུག་དུས་དེབ་གྲངས་ ༨༠༣༠༠ ཙམ་པར་སྐྲུན་དང་འགྲེམས་སྤེལ་ཞུས།
- བོད་དོན་དང་འབྲེལ་བའི་གསར་འགྱུར་དང་རྩོམ་ཡིག་གྲངས་ ༢༧༡༧ འབྲེལ་གཏུག་དུས་དེབ་ཀྱི་དྲ་ཚིགས་ཐོག་དུས་ཐོག་ཏུ་འགྲེམས་སྤེལ་ཞུས་ཡོད།
- ཁོར་ཡུག་དང་འབྲེལ་བའི་བོད་ཡིག་ཐོག་རྩོམ་དང་གསར་འགྱུར་གྲངས་ ༣༨༣ རང་བྱུང་ཁོར་ཡུག་དྲ་ཚིགས་ཐོག་འགོད་སྤེལ་ཞུས།
- ཁོར་ཡུག་དང་འབྲེལ་བའི་ཨིན་ཡིག་ཐོག་རྩོམ་ཡིག་དང་གསར་འགྱུར་གྲངས་ ༢༡༧ རང་བྱུང་ཁོར་ཡུག་དྲ་ཚིགས་ཐོག་འགོད་སྤེལ་ཞུས།
- སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་སྒྲ་ལྡན་གསུང་བཤད་གྲངས་ ༩༢༡ རིན་པོ་ཆེ་མཆོག་གི་དྲ་ཚིགས་ཐོག་འགོད་སྤེལ་ཞུས།
- བོད་ཡིག་ཐོག་ཡོད་པའི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་རྩོམ་དང་གསུང་བཤད་གྲངས་ ༥༩༡ རིན་ཆེ་མཆོག་གི་དྲ་ཚིགས་ཐོག་འགོད་སྤེལ་ཞུས།
- ཨིན་ཡིག་ཐོག་ཡོད་པའི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་རྩོམ་དང་གསུང་བཤད་གྲངས་ ༡༣༡ རིན་པོ་ཆེ་མཆོག་གི་དྲ་ཚིགས་ཐོག་འགོད་སྤེལ་ཞུས།
- སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་མངོན་བསྟོད་གླེགས་བམ་དེབ་གྲངས་ ༥༠༠ པར་སྐྲུན་ཞུས།
- སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་རྩོམ་དང་གསུང་བཤད་ཕྱོགས་སྒྲིག་བདུན་པ་དེབ་གྲངས་ ༥༠༠ པར་སྐྲུན་ཞུས།
- སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་བརྙན་པར་གསུང་བཤད་གྲངས་ ༡༦༠ རིན་པོ་ཆེ་མཆོག་གི་དྲ་ཚིགས་ཐོག་འགོད་སྤེལ་ཞུས།