ཚོགས་སྡེ་སྒྲིག་འཛུགས་གཞན་དང་མཉམ་ལས།

history

historyཚོགས་པ་སྒྲིག་འཛུགས་ཤིག་ལ་མཚོན་ན་ཚོགས་སྡེ་གཞན་དང་མཉམ་ལས་བྱེད་རྒྱུ་དེ་ཚོགས་པའི་ལས་དོན་རྒྱ་སྐྱེད་དང་། སྤྱི་ཚོགས་ལ་ཕན་རླབས་ཆེ་བ་དང་དུས་མཚུངས། ལས་དོན་ཁག་ཚགས་ཚུད་ཚད་ལྡན་ཡོང་བར་མཐུན་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། ད་བར་ང་ཚོས་བོད་པའི་སྤྱི་ཚོགས་ཀྱི་ཚོགས་སྡེ་ཙམ་མ་ཡིན་པར་རྒྱལ་སྤྱིའི་ཚོགས་སྡེ་དང་ཤེས་ཡོན་ལྟེ་གནས་ཁང་མང་པོ་ཞིག་དང་ལྷན་དུ་མཉམ་ལས་བྱས་དང་བྱེད་མུས་ཡིན་ཞིང་། དེ་ཡང་དཔལ་འབྱོར་མཐུན་རྐྱེན་དང་། རིག་གཞུང་བརྗེ་རེས། སྤྱི་ཚོགས་ཞབས་ཞུ། དྭང་བླངས་འབྲེལ་མཐུད། ཚོགས་འདུ་དང་བགྲོ་གླེང་གོ་སྒྲིག་གཙོས་པའི་གལ་གནད་ཆེ་བའི་ལས་འཆར་མང་པོ་ཚུད་ཡོད། མཉམ་ལས་བྱེད་བཞིན་པའི་ཚོགས་སྡེ་སྒྲིག་འཛུགས་དང་ཤེས་ཡོན་ལྟེ་གནས་ཁང་ལ་ཆ་མཚོན་ན་ཨ་རིའི་ཐུ་ལན་གཙུག་ལག་སློབ་གྲྭ་དང་།

ལཱོ་ཡོ་ལ་གཙུག་ལག་སློབ་གྲྭ་གཉིས་ཀྱིས་གཙོས་པའི་གཙུག་ལག་སློབ་གྲྭ་བདུན་དང་། སྨན་ཁང་དང་སྨན་གྱི་མཐོ་སློབ་འགའ། མེཀ་སི་ཀོ་རྒྱལ་ཁབ་ན་གྲགས་ཆེའི་མཐོ་རིམ་སློབ་གྲྭ་གཅིག ཧྤ་རན་སིའི་མཐོ་སློབ་གཅིག ཨ་རི་ནས་རིག་གཞུང་བརྗེ་རེས་གནང་མཁན་གྱི་ཚོགས་སྡེ་གཉིས། ཨ་རིའི་བོད་ཀྱི་ཐེབས་རྩ། ཐའེ་ཝན་མང་གཙོ་ཐེབས་རྩ། ཐའེ་ཝན་གཙུག་ལག་སློབ་གྲྭ་གཅིག སུད་སི་བོད་ཀྱི་གྲོགས་པོ་ཚོགས་པ། ཨོ་སི་ཁྲུ་ལི་ཡ་བོད་ཀྱི་གྲོགས་པོ་ཚོགས་པ། ཨིན་ཡུལ་བོད་མིའི་ངལ་སེལ་ཐེབས་རྩ། རུ་ཊར་རི་སྤྱི་ཚོགས་ཞབས་ཞུ་ཚོགས་པ། སཾ་བྷོ་ཊའི་སྤྱི་ཁྱབ་ཡིག་ཚང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས། དྷ་ས་ས་གནས་འགོ་འཛིན་ལས་ཁུངས་དང་བདེ་ལེགས་སྨན་ཁང་གིས་གཙོས་ཚོགས་སྡེ་དང་སྒྲིག་འཛུགས། སློབ་གྲྭ་སོགས་བརྒྱ་ཡས་མས་ཙམ་མཉམ་དུ་སྤྱི་ཚོགས་ནང་ཆེས་དགོས་མཁོ་ཆེ་བའི་ལས་གཞི་མང་པོར་མཉམ་ལས་བྱས་ཏེ་མི་སྒེར་དང་སྤྱི་ཚོགས་ཁྱོན་ཡོངས་ལ་གྱུར་ལྡོག་འགྲོ་བར་ཕན་ནུས་དང་གྲུབ་འབྲས་ཆེན་པོ་ཐོན་ཡོད་པ་རེད།

Leave your comment