ཕྱི་རྒྱལ་བའི་སློབ་ཕྲུག་ཚོ་དང་རིག་གཞུང་བརྗེ་རེས།
སྤྱི་ལོ་ ༢༠༡༦ཟླ་ ༠༩ པའི་ནང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་ཨ་རིའི་ཏུའུ་ལན་གཙུག་ལག་སློབ་གྲྭའི་སྤྱི་ཚོགས་ཞབས་ཞུ་སློབ་གཉེར་ཁང་ Tulane University, School of Social Work གི་སློབ་མ་དགུ་དང་གཙུག་ལག་སློབ་དཔོན་གཉིས་དྷ་སར་བདུན་གཉིས་ཙམ་བཞུགས་
རིང་ལྷའི་སློབ་ཕྲུག་ཚོ་ལ་ཨིན་ཡིག་ཡར་རྒྱས་ཆེད་སློབ་ཁྲིད་གནང་བ་དང་། ད་དུང་ཉིན་ཤས་རིང་དྷ་སའི་གཏོང་ལེན་དགེ་རྩ་ཚོགས་པར་དང་བླངས་ཞབས་ཞུ་ཡང་གནང་ཡོད་པ་རེད།
དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཨ་མ་ཨ་བདེ་ལགས་ཀྱིས་ཆབ་སྲིད་བཙོན་པའི་གནས་སྟངས་སྐོར་ངོ་སྤྲོད་དང་། བོད་ཀྱི་དཔེ་མཛོན་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ནས་བསམ་བློའི་སྦྱོང་བརྡར་བརྒྱུད་ནང་སེམས་ཀྱི་འཕྲོད་བསྟེན་དང་བདེ་སྐྱིད་ (Mental Health and Happiness through Mind Training) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་དང་། བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་སློབ་ཕྲུབ་རྣམས་ལ་ འཆི་བ་དང་འཆི་བཞིན་པ། དེ་བཞིན་མི་ཚེའི་ལྷན་སྐྱེས་ཀྱི་ཆ་ཤས་དེ་དང་བདེ་ཐང་གི་འབྲེལ་བ་འཇོག་གལ་བཅས་ལ་བོད་པའི་ལྟ་ཚུལ། (Tibetan perspectives on death and dying, and the importance of having a healthy relationship with this natural part of life) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་། དེ་ཡང་ཪིན་པོ་ཆེ་མཆོག་ནས་མཆི་བ་ཞེས་པའི་གོ་དོན།
ཡིད་ཆེས་དང་དད་པ་མི་འདྲ་མཁན་གྱིས་མཆི་བར་ལྟ་སྟངས་ལ་ཁྱད་པར་གང་འདྲ་ཡོད་པ། མཆི་བའི་རང་བཞིན་ལ་ནང་པའི་ལྟ་སྟངས་དང་། མཆི་བའི་འཇིགས་པ་སོགས་ལ་འགྲེལ་བཤད་གནང་། དེར་མ་ཟད་རིན་པོ་ཆེ་ནས་མཆི་བ་དང་དེ་བའི་རྒྱུད་རིམ་གྱི་སྐོར་ལ་གཏིང་ཟབ་པོའི་འགྲེལ་བཤད་གནང་བ་དང་བསྦྲགས། མཇུག་ཏུ་སློབ་མ་རྣམས་དང་དྲི་བ་དྲི་ལན་གནང་ཡོད་པ་རེད།
ཁོང་གི་བཀའ་སློབ་ངོ་དེབ་སོགས་སྤྱི་ཚོགས་དྲ་ལམ་དང་ཟམ་གདོང་རིན་པོ་ཆེའི་ཡུ་ཊོབ་(Samdhong Rinpoche’s Youtube channel)ཞེས་པའི་རྒྱུད་ལམ་ནས་ཀྱང་གསན་གཟིགས་གནང་ཐུབ།
ཚོགས་པས་ལོ་ལྟར་དབྱར་དུས་སུ་ཕྱི་རྒྱལ་གཙུག་ལག་སློབ་གྲྭ་དང་མཐོ་སློབ་སོགས་ཀྱི་གཙུག་ལག་སློབ་དཔོན་དང་སློམ་མ་རྣམས་དང་མཉམ་དུ་རིག་གཞུང་བརྗེ་རེས་བྱེད་ཀྱི་ཡོད་པ་རེད།
ཐེངས། {hits}204{/hits} བཀླགས་འདུག