བྱམས་པ་གླིང་རྒས་གསོ་ཁང་ལ་རོགས་རམ།

Jampaling 1

Jampaling  1ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཙམ་མ་ཟད། ཧི་མ་ལའི་རི་རྒྱུད་དང་ས་གནས་རྒྱ་གར་མི་མང་ལའང་སྤྱི་ཚོགས་ཞབས་ཞུ་སྣེ་མང་བསྒྲུབས་དང་སྒྲུབ་བཞིན་པའི་ནང་། ཉེ་བའི་ལོ་འགའ་ཤས་ནང་བཞུགས་སྒར་དྷ་རམ་ས་ལར་ཡོད་པའི་<<བྱམས་པ་གླིང་རྒས་གསོ་ཁང་>>ལའང་རོགས་རམ་མི་ཉུང་བ་ཞིག་བསྒྲུབས་ཐུབ་པ་བྱུང་ཡོད།

Jampaling  2རྒས་གསོ་ཁང་འདིའི་ནང་ཡོད་པའི་རྒས་འཁོགས་དེ་དག་ནི་དམག་མི་ཟུར་པ་དང་། གཉེན་ཉེ་བུ་རྒྱུད་སོགས་མེད་མཁན་ཡིན་ཞིང་། ད་ལྟའི་ཆར་ཁྱོན་རྒས་འཁོགས་མི་གྲངས་ ༡༣༠ ཡོད་པ་དང་། ནམ་དུས་དགུན་ཁར་སླེབས་པ་དང་བསྟུན་འདི་གའི་ཚོགས་པས་ཉེ་ཆར་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢ ཉིན་རྒས་འཁོགས་རེ་རེ་<<སྤྲིན་བལ་གྱི་མལ་གོས་>>རེ་བཅས་ཁྱོན་མལ་གོས་གྲངས་ ༡༣༠ བགོ་འགྲེམས་བྱས་ཡོད་པ་རེད།
Jampaling  3དེ་ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་དྲུང་འཕར་ཚེ་དབང་སྒྲོལ་མ་དང་འབྲེལ་ཡོད་ལས་སོགས་ཆེད་ཕེབས་ཀྱིས་རྒས་འཁོགས་རེ་རེའི་ཕྱག་ཏུ་ཉལ་ཆས་གསར་པ་རེ་ཕུལ་ཞིང་། སྤྲིན་བལ་དང་ཕྱི་ཤུབ་གཉིས་ཀ་རྒྱུས་སྤུས་ལེགས་ཤོས་གྲས་ཡིན་པ་རེད།
Jampaling  4གཞན་ཡང་ཕྱི་ལོ་ ༢༠༡༣ ལོ་ཚོགས་པས་དྷ་ས་བྱམས་པ་གླིང་རྒས་གསོ་ཁང་ལ་ཞལ་ལག་བཟོ་སའི་སྣོད་ཧ་ཡང་ཁ་ཞེང་དབྱིན་ཆི་(Inches) ༥༤ ཅན་ཞིག་ཞལ་འདེབས་ཕུལ་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༥ ཉིན་རྒས་གསོ་ཁང་དེའི་ནང་རྒས་འཁོགས་རྣམས་ལ་རྒྱུན་དུ་འཐུང་ཆུ་དང་། ཞལ་ལག་བཟོ་བསྐོལ་སོགས་ཀྱི་ཆེད་ཆུ་ཚགས་འཕྲུལ་ཆས་ཆེན་པོ་ཞིག་གསར་འཛུགས་བྱས།
Jampaling  5༢༠༡༥ ལོའི་ཟླ་ ༡༠ པའི་ཚེས་ ༥ ཉིན་རྒས་འཁོགས་ནད་པ་རྣམས་ལ་ངར་ལྕགས་ཀྱི་ཚ་དམ་རེ་བཅས་ཁྱོན་ཚ་དམ་གྲངས་ ༢༥ ཞལ་འདེབས་སྤྲད་པ་དང་། དེ་དང་དུས་མཚུངས་སུ་རྒས་གསོ་ཁང་གི་རྒས་འཁོགས་དང་ལས་བྱེད་ཡོངས་ལ་ལག་དངུལ་ཧིན་སྒོར་ ༥༠༠ རེ་བཅས་ཁྱོན་ཧིན་སྒོར་དྲུག་ཁྲི་ ༦༠༠༠༠ ཙམ་ཞལ་འདེབས་སྤྲད་པས་མ་ཚད། དེ་བཞིན་རྒས་གསོ་ཁང་གི་སྒོ་དང་སྒེའུ་ཁུངས་ཡོངས་ལ་རས་ཡོལ་གསར་བཟོའི་རོགས་རམ་སོགས་བྱས་ཡོད་པ་རེད།

Jampaling 6སྤྱི་སྟངས་རྒས་གསོ་ཁང་འདི་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་འཛིན་སྐྱོང་འོག་ཡོད་ཅིང་། ཕྱི་ནང་གི་མཐུན་རྐྱེན་སོགས་གང་ཅི་ཐད་ཡག་པོ་དང་འཐུས་སྒོ་ཚང་པོ་ཡོད་ཅིང་། ཡིན་ནའང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་དང་ལས་གཞི་སོགས་གཞི་རྒྱ་ཆེན་པོ་དང་ལྷག་དོན་ལས་དོན་ཁག་གཞུང་གི་ཁྲིམས་སྒྲིག་དང་བསྟུན་དགོས་དུས་ཕྲལ་དུ་ལག་བསྟར་མ་ཐུབ་པ་དེ་འདྲ་ཡོང་གི་ཡོད་པས། གོ་སྐབས་འདི་དང་བསྟུན་ཚོགས་པས་སྦྱིན་བདག་བརྩལ་འཚོལ་གྱིས་གོང་གསལ་ལས་འཆར་དེ་རིགས་རོགས་རམ་དང་ལག་བསྟར་བྱས་པ་ཞིག་རེད།

ཐེངས་ {hits}171{/hits} བཀླགས་འདུག 

Leave your comment