ཨ་རི་ནས་ཕེབས་པའི་ཚོ་ཁག་གཉིས་དང་རིག་གཞུང་བརྗེ་རེས་བྱས་པ།

Tulane University 1

Tulane University 1ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༦ ཉིན་འབྱོར་བའི་ཐུ་ལན་གཙུག་ལག་སློབ་གཉེར་ཁང་(Tulane University)གི་སློབ་ཕྲུག་ ༡༦ དང་།

Tulane University 2ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༠ ཉིན་འབྱོར་བའི་རཱ་སི་ཊིཁི་པཱ་ཐི་ཝེ་(Rustic Pathway)ཡི་སློབ་ཕྲུག་ ༨ བཅས་འདི་ལོ་ཕྱི་ཟླ་ ༦ པའི་ནང་ཨ་རི་ནས་ཕེབས་པའི་ཚོ་ཁག་གཉིས་དང་རིག་གཞུང་བརྗེ་རེས་བྱས།
Tulane University 3ཐུ་ལན་གྱི་སློབ་ཕྲུག་རྣམས་དྷ་རམ་ས་ལར་ཡོད་པའི་ལྷའི་ཞི་བའི་ཚལ་དུ་སྡོད་རིང་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་། བོད་ཀྱི་གནད་དོན། བོད་པའི་ཆོས་དང་རིག་གཞུང་བཅས་ལ་རྒྱུས་ལོན་ཤེས་རྟོགས་བྱས།

རིག་གཞུང་བརྗེ་རེས་གནང་མཁན་གཉིས་ཀས་ལྷའི་སློབ་ཕྲུག་དང་ལྷན་དུ་ཉིན་ལྟར་ཆུ་ཚོད་ ༣ ཙམ་རིང་ཕན་ཚུན་སློབ་སྦྱོང་དང་བསམ་ཚུལ་བརྗེ་རེས། སོ་སོའི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་སོགས་གནས་ཚུལ་འདྲ་མིན་ཐོག་གོ་བསྡུར་དང་བགྲོ་གླེང་བྱས་ཡོད།

Rustic pathway 1མ་ཚད་ཁོང་ཚོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་། བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་འདྲ་མིན་ནང་སྐོར་སྐྱོད་ཀྱིས། བཙན་བྱོལ་བོད་མིའི་གནས་སྟངས་དང་། བཙན་བྱོལ་བོད་མིའི་ལས་དོན་བཅས་ལ་རྒྱུས་ལོན་དང་། ལྷག་པར་གནད་དོན་མི་སྣས་འགྲོ་བ་མིའི་ཐོབ་ཐང་དང་། བོད་ཀྱི་སྐད་ཡིག་རིག་གཞུང་། བོད་ནང་གི་གནས་སྟངས་བཅས་ངོ་སྤྲོད་གསུང་བཤད་ཁག་འདྲ་མིན་ནང་ཞུགས་པའི་གོ་སྐབས་ཀྱང་བྱུང་ཡོད་པ་རེད།

Rustic pathway 2ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་འོག ལོ་ལྟར་ཕྱི་རྒྱལ་གྱི་རྒྱལ་ཁབ་ཁག་འདྲ་མིན་གྱི་མཐོ་སློབ་དང་གཙུག་ལག་སློབ་གཉེར་ཁང་། གཞན་ཡང་ཚོགས་སྡེ་ཁག་འདྲ་མིན་དང་ལྷན་དུ་སློབ་ཕྲུག་གཙོ་བོར་གྱུར་པའི་ཁྱོན་མི་གྲངས་ ༡༥༠ ནས་ ༢༠༠ བར་ལ་རིག་གཞུང་བརྗེ་རེས་བྱེད་ཀྱི་ཡོད་པ་རེད།

ལོ་སྔོན་མ་སྟེ་ཕྱི་ལོ་ ༢༠༡༤ ལོར་ལྷས་ཨ་རི་དང་། མེ་སི་ཀོ ཨོ་སི་ཊོ་ལི་ཡ་བཅས་ནས་ཚོགས་སྡེ་ཁག་མི་འདྲ་བ་ ༡༧ དང་ལྷན་དུ་རིག་གཞུང་བརྗེ་རེས་བྱས་ཡོད།

Leave your comment