རྒྱུན་ལྡན་ཞབས་ཞུའི་ལས་དོན་གཙོ་ཆེ་ཁག

ཚོགས་པའི་གཞིའི་རྩའི་དམིགས་ཡུལ་ནི་གཞི་རིམ་མང་ཚོགས་ཀྱི་ཉིན་རེའི་འཚོ་བའི་ནང་ཆེས་དགོས་མཁོའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྣེ་མང་བྱ་རྒྱུ་ཡིན་ཞིང་། ད་ལྟའི་ཆར་ཚོགས་པའི་གནས་སྟངས་ལ་གཞིགས་པའི་བོད་ཀྱི་སྐད་ཡིག་དང་རིག་གནས་དར་སྤེལ། བོད་དོན་ཕྱི་རྒྱལ་མི་སྣར་ངོ་སྤྲོད་དང་དྲིལ་བསྒྲགས། ཤེས་ཡོན། 

འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ། དང་བླངས་ཀྱི་འབྲེལ་མཐུད། ལག་ཤེས་སྦྱོང་བརྡར། དཔེ་མཛོད་ཞབས་ཞུ། དཔེ་དེབ་དང༌། གྱོན་གོས། སྨན་སོགས་ཞལ་འདེབས། རིག་གཞུང་བརྗེ་རེས། ལོ་རེར་རིན་མེད་ཀྱིས་མིག་བརྟག་དཔྱད་དང་མིག་ཤེལ་མཁོ་སྤྲོད། དེ་བཞིན་སོ་གཙང་མ་དང་བཟོ་བཅོས། ཟས་བཅུད་ལྡན་པའི་ཞལ་ལག་དང་ཆུ་གཙང་མའི་མཐུན་རྐྱེན་རོགས་རམ་སོགས་ཀྱི་སྐོར་ལ་ལས་དོན་གང་ཐུབ་བྱས་དང་བྱེད་བཞིན་ཡོད་ལ། འདས་པའི་ལོ་བཅུ་གསུམ་ལྷག་ཙམ་རིང་བཙན་བྱོལ་སྤྱི་ཚོགས་ནང་བོད་ཡིག་དང༌། དབྱིན་ཡིག རྒྱ་ཡིག ཧྥ་རན་སིའི་སྐད་ཡིག སི་པན་སྐད་ཡིག གློག་ཀླད་སོགས་སྦྱོང་བརྡར་སྤྲད་དང་སྤྲོད་བཞིན་ཡོད་པ་དང༌། དེ་བཞིན་ཤེས་ཡོན་སློབ་གསོ་དང་ལག་ཤེས་སྦྱོང་བརྡར་སོགས་ཀྱི་ཟབ་སྦྱོང་ཡང་གོ་སྒྲིག་ཞུ་བཞིན་ཡོད།

ལྷག་པར་བོད་ནས་གསར་དུ་འབྱོར་བ་གང་མང་གཅིག་ལ་སྐྱབས་བཅོལ་ལག་ཁྱེར་གསར་བཟོ་དང་བསྐྱར་དུ་བཀའ་ཁྲོལ་རག་ཐབས་ཆེད་མི་གྲངས་༢༠༠་ལྷག་ཙམ་ལ་ངོ་སྦྱོར་ཡི་གེ་སྤྲད་སྟེ་ཕན་འབྲས་སོན་པ་བྱུང་ཡོད། ང་ཚོའི་སྤྱི་ཚོགས་ཞབས་ཞུ་བྱེད་ཡུལ་ནི་བོད་རིགས་ཙམ་མ་ཡིན་པར་འབྲེལ་ཡོད་ཧི་མ་ལ་ཡའི་མི་རིགས་དང་ས་གནས་ཡུལ་མི་སོགས་ལ་རོགས་རམ་གང་ཐུབ་བྱེད་ཀྱི་ཡོད།

Leave your comment