དགོས་མཁོ་ཅན་རྣམས་ལ་རིན་མེད་གྱོན་གོས་ཕོན་ཆེན་བགོ་འགྲེམས་བྱས།

Clothing 1ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༤ ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་བོད་མི་སྐྱབས་བཅོལ་བ་དང་། ས་གནས་རྒྱ་གར་ཡུལ་མི་སོགས་ལ་ཁྱོན་གྱོན་གོས་གྲངས་ ༢༨༠༠༠ ཙམ་རིན་མེད་དུ་སྤྲད་ཡོད་པ་རེད།

Clothing 2གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་ ༩ ནས་ཆུ་ཚོད་ ༡༢ བར་དམིགས་བསལ་དགོས་མཁོ་ཅན་ཁྱོན་མི་གྲངས་ ༣༠༠ ཙམ་ལ་ཆེ་ཆུང་འདྲ་མིན་གྱི་ལྷམ་དང་། ལྟོ་ཕད། ཞྭ་མོ། ཆེ་ཆུང་འདྲ་མིན་དང་དབྱར་དགུན་གཉིས་ཀའི་སྐྱེས་པའི་གྱོན་གོས་དང་། བུད་མེད་ཀྱི་གྱོན་གོས་སོགས་ཁྱོན་གྱོན་གོས་གྲངས་ ༢༨༠༠༠ ཙམ་རིན་མེད་དུ་སྤྲད་ཡོད་པ་དང་གྱོན་གོས་རྣམས་སྤུས་ལེགས་ཞེ་ཅིག་ཡིན།
Clothing 3ལོ་ལྟར་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་དེབ་དང་གྱོན་གོས་སྟོང་ཕྲག་མང་པོ་ས་གནས་རྒྱ་གར་ཡུལ་མི་དང་བོད་མི་སྐྱབས་བཅོལ་བར་སྤྲད་དང་སྤྲོད་མུས་ཡིན་ཞིང་། ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༦ ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས། དྷ་རམ་ས་ལའི་རོ་ཊར་སྤྱི་ཚོགས་ཞབས་ཞུ་ཚོགས་པ་བརྒྱུད་རྒྱ་གར་ཧི་མ་ཅལ་མངའ་སྡེ་ཀང་ར་རྫོང་གི་རྒྱ་གྲམ་དམར་པོའི་ཚོགས་པ་བརྒྱུད་ཁྱོན་གྱོན་གོས་གྲངས་ ༡༠༠༠ ཙམ་ས་གནས་རྒྱ་གར་མི་མང་དགོས་མཁོ་ཅན་རྣམས་ལ་ཞལ་འདེབས་སྤྲད་ཡོད་པ་རེད།
Clothing 4ཡང་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢ ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་དྷ་ས་བྱམས་པ་གླིང་རྒས་གསོ་ཁང་གི་རྒས་འཁོགས་རེ་རེ་<<སྤྲིན་བལ་གྱི་མལ་གོས་>>རེ་བཅས་ཁྱོན་མལ་གོས་གྲངས་ ༡༣༠ བགོ་འགྲེམས་བྱས་ཡོད་པ་རེད།

ཐེངས་ {hits}181{/hits} བཀླགས་འདུག