བྱིས་པའི་འབྲི་ཀློག་ཡར་རྒྱས་གཏོང་ཐབས་སྐོར་ཕ་མ་ཚོར་ཟབ་སྦྱོང་།

Parents Work Shop 1ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༥ ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དང་ཨ་རི་བོད་ཀྱི་ཐེབས་རྩ་གཉིས་ཀྱིས་གོ་སྒྲིག་འོག་བྱིས་པའི་འབྲི་ཀློག་ཡར་རྒྱས་གཏོང་ཐབས་སྐོར་ཕ་མའི་ཟབ་སྦྱོང་དེ་ལྷའི་ཞི་བའི་ཚལ་ཚོགས་ཁང་ལ་འཚོགས་ཡོད་པ་རེད།

Parents Work Shop 2ཤེས་ཡོན་ཐོག་ཁྱད་ལས་པ་རྒན་རྒྱལ་མཚན་ལགས་དང་དེ་བཞིན་བསྟན་འཛིན་བདེ་སྐྱིད་གཉིས་གདན་ཞུས་ཀྱིས་རོགས་པ་བུ་བཅོལ་ཁང་དང་ཡོངས་གླིང་སྔོན་འགྲོའི་སློབ་གྲྭའི་ཕ་མ་གྲངས་ ༤༣ ཙམ་ལ་ཕྲུ་གུའི་སློབ་གསོ་དང་བྱམས་སྐྱོང་གནང་སྟངས། དེ་བཞིན་འབྲི་ཀློག་ཡར་རྒྱས་གཏོང་ཐབས་སྐོར་ཟབ་སྦྱོང་དང་དྲི་བ་དྲིས་ལན་གནང་ཡོད་ཅིང་ཕ་མ་ཚོས་ཐུགས་སྣང་ཆེན་པོས་དོ་སྣང་དང་ཆ་ཤས་ལེན་གནང་ཡོད་པ་རེད།

Parents Work Shop 3བོད་ཡིག་དང་ཨིན་ཡིག་གི་བྱིས་པའི་སྒྲུང་དེབ་སོགས་རིན་མེད་འགྲེམ་སྤེལ་དང་། ཕ་མ་ཚོས་རྒྱུན་དུ་བྱིས་པར་སློབ་སྦྱོང་ཐད་དོ་སྣང་གང་འདྲ་བྱེད་ཀྱི་ཡོད་མེད་དང་མཐུན་རྐྱེན་གང་འདྲ་བསྐྲུན་གྱི་ཡོད་མེད་རྟོགས་ཞིབ་བཅས་བྱས། 

གོ་སྐབས་འདི་དང་བསྟུན་ཨ་རི་བོད་ཀྱི་ཐེབས་རྩས་ལས་གཞི་འདི་མཉམ་ལས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འབྲེལ་ཡོངས་གླིང་སློབ་གྲྭ་དང་རོགས་པ་བུ་བཅོལ་ཁང་གཉིས་ཀྱིས་ཕ་མ་རྣམས་དུས་ཐོག་ལ་མངགས་གཏོང་གནང་བ་དང་གོང་གསལ་གདན་ཞུས་ཟབ་ཁྲིད་པ་གཉིས་ལ་ཆབས་ཅིག་ཏུ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

ཐེངས་ {hits}183{/hits} བཀླགས་འདུག