འདི་ལོ་ཕྱི་ཟླ་ ༦ པའི་ནང་རིག་གཞུང་བརྗེ་རེས་བྱས་པའི་སློབ་ཚོགས་ཁག་ཅིག

Tulene 1འདི་ལོ་ཕྱི་ཟླ་ ༦ པའི་ནང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་ཨ་རི་ནས་ཕེབས་པའི་སློབ་ཚོགས་ཁག་གསུམ་དང་རིག་གཞུང་བརྗེ་རེས་བྱས་པ་དང་། ཐོག་མར་ཕྱི་ཚེས་ ༦ ནས་ ༢༤ བར་ཐུ་ལན་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་གྲངས་ ༡༤ ལ་རིག་གཞུང་བརྗེ་རེས་བྱས།

སློབ་ཕྲུག་དེ་དག་དང་ལྷའི་སློབ་ཕྲུག་དབར་ཉམས་མྱོང་བརྗེ་རེས་དང་། ལྷའི་སློབ་ཕྲུག་རྣམས་ཀྱིས་ཁོང་ཚོ་དང་ལྷན་དུ་དབྱིན་ཡིག་དབྱིན་སྐད་ཡར་རྒྱས་གཏོང་ཐབས་སློབ་སྦྱོང་བྱས་ཡོད།

Tulene 2ད་དུང་ཁོང་ཚོ་བཙན་བྱོལ་བོད་མིའི་ལྟེ་གནས་ཁག་དང་ལས་ཁུངས་ཁག་ལ་ཆེད་བསྐྱོད་ཀྱིས་བོད་དང་ད་ལྟའི་བོད་ཀྱི་གནས་བབ་སྐོར་རྒྱུས་ལོན་བྱས་པས་མ་ཚད། སྦིར་བོད་མིའི་གཞིས་ཆགས་སོགས་ལ་སྐོར་བསྐྱོད་ཀྱིས་སྐྱབས་བཅོལ་བོད་མིའི་སྐོར་རྒྱུས་ལོན་གང་མང་བྱས།

Tulene 3དེ་བཞིན་ང་ཚོའི་ལྷན་དུ་རིག་གཞུང་བརྗེ་རེས་གནང་མཁན་གྱི་སློབ་ཕྲུག་ཚོགས་ཁག་གཉིས་པ་དང་གསུམ་པ་གཉིས་ནང་ཁྱོན་སློབ་ཕྲུག་གྲངས་ ༢༩ ཡོད་པ་དང་། སློབ་ཕྲུག་དེ་དག་ཨ་རིའི་གཙུག་ལག་སློབ་གཉེར་ཁང་འདྲ་མིན་ནས་སླེབས་པ་ཞིག་རེད།

ཁོང་ཚོ་དྷ་རམ་ས་ལར་ཉིན་ཤས་རིང་བསྡད་རྗེས་ང་ཚོས་ཨ་རི་ནས་རཱ་སི་ཊི་ཁི་པཱ་ཐི་ཝེ་(Rustic Pathways)ཞེས་པའི་ཡུལ་སྐོར་སྣེ་ཤན་ཚོགས་པར་ངོ་སྤྲོད་འབྲེལ་མཐུད་བྱས་པ་དང་། ཚོགས་པ་དེས་རྒྱུན་དུ་རྒྱལ་སྤྱིའི་ཁྱོན་དུ་སློབ་ཕྲུག་སྐོར་བསྐྱོད་ལ་སྣེ་ཤན་དང་ཡུལ་སྐོར་སྣེ་ལེན་སོགས་བྱེད་ཀྱི་ཡོད་པ་རེད།

Tulene 4སློབ་ཕྲུག་དེ་དག་གིས་ཀྱང་ཆེད་དམིགས་ཀྱི་བཙན་བྱོལ་བོད་མིའི་རིག་གཞུང་ལྟེ་གནས་ཁག་ལ་སྐོར་བསྐྱོད་རྒྱུས་ལོན་དང་། ཉིན་ལྟར་ཆུ་ཚོད་ ༣ ཙམ་རིང་ལྷའི་སློབ་ཕྲུག་དང་ལྷན་དུ་ཉམས་མྱོང་སྤེལ་རེས་དང་ཕུན་ཚུན་སློབ་སྦྱོང་བྱས་ཡོད་པ་རེད།

ཟླ་བ་རྗེས་མའི་ནང་ད་དུང་འཛམ་གླིང་གི་ས་ཕྱོགས་གང་ས་ནས་སློབ་ཕྲུག་གི་ཚོ་ཁག་དེ་ལས་མང་བ་ཞིག་དང་ལྷན་དུ་རིག་གཞུང་བརྗེ་རེས་བྱ་རྒྱུའི་ལས་རིམ་བང་བསྒྲིགས་ཡོད།

ཐེངས་ {hits}184{/hits} བཀླགས་འདུག