ལུའུ་ཛི་ཡ་ནས་སྨན་སློབ་ཁག་ཅིག་དང་རིག་གཞུང་བརྗེ་རེས་བྱས།

Louisiana State University 4ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༦ པ་དང་ ༧ པའི་ནང་ཨ་རིའི་ལུའུ་ཛི་ཡ་ན་མངའ་སྡེ་སྨན་གྱི་གཙུག་ལག་སློབ་གྲྭའི་སྨན་སློབ་གྲངས་ ༡༣ ཆེད་དུ་བཞུགས་སྒར་དྷ་རམ་ས་ལར་ཕེབས་ནས་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དང་རིག་གཞུང་བརྗེ་རེས་དང་ལྷན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཅིག་ལ་སྐོར་བསྐྱོད་ཀྱིས་སྐྱབས་བཅོལ་བོད་མིའི་འཕྲོད་

བསྟེན་སྐོར་ལ་རྟོགས་ཞིབ་དང་སྨན་བཅོས་བརྟག་དཔྱད་བྱས།

 Louisiana State University 1

ཐོག་མར་ཕྱི་ཟླ་ ༦ ཚེས་ ༢༨ ཉིན་ཚོགས་པའི་དྲུང་ཆེ་ཚེ་རིང་དབང་འདུས་ལགས་ཀྱིས་སློབ་མ་ཚོར་ཚོགས་པའི་སྐོར་ངོ་སྤྲོད་དང་ཚོགས་པའི་ལས་དོན་སྐོར་གྱི་གློག་བརྙན་གཟིགས་འབུལ་དང་འབྲེལ་དྲི་བར་དྲིས་ལན་བཅས་བྱས།

ཕྱི་ཟླ་ ༦ ཚེས་ ༢༩ ཉིན་སློབ་མ་རྣམས་བོད་ཀྱི་འགྲེམས་སྟོན་ཁང་ལ་ལྟ་སྐོར་འཁྲིད་པ་དང་འབྲེལ་བོད་ཀྱི་འགྲེམ་སྟོན་ཁང་གི་འགན་འཛིན་བཀྲིས་ཕུན་ཚོགས་ལགས་ཀྱིས་བོད་ཀྱི་གནས་བབས་དང་འགྲེམས་སྟོན་ཁང་སྐོར་ངོ་སྤྲོད་གཏམ་བཤད་བྱས་ཡོད།

 Louisiana State University 2

ཕྱི་ཟླ་ ༦ ཚེས་ ༣༠ ཉིན་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ནང་ཆོས་ངོ་སྤྲོད་དང་དྲི་བ་དྲིས་ལན་གནང་ཡོད་པ་རེད།

ཕྱི་ཟླ་ ༧ ཚེས་ ༢ ཉིན་སློབ་ཕྲུག་ཚོར་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བདེ་གསལ་ལགས་ཀྱིས་བོད་པའི་སྤྱི་ཚོགས་ནང་སྨན་བཅོས་བྱེད་ཕྱོགས་དང་ནད་གཞིའི་སྐོར་ངོ་སྤྲོད་གཏམ་བཤད་བྱས།

 Louisiana State University 3དེ་ནས་བདེ་ལེགས་སྨན་ཁང་དང་སྨན་རྩིས་ཁང་སོགས་སུ་གཟིགས་སྐོར་གྱིས་སྨན་བཅོས་བྱེད་ཕྱོགས་སྐོར་རྒྱུས་ལོན་དང་ཉམས་མྱོང་བརྗེ་རེས་དང་གཞན་ཡང་ཁོང་ཚོ་དྷ་ས་བྱམས་པ་གླིང་རྒས་གསོ་ཁང་དང་། བཙུན་དགོན་དགེ་ལྡན་ཆོས་གླིང་། སྦིར་བོད་མིའི་གཞིས་ཆགས་སོགས་སུ་བསྐོར་བསྐྱོད་སྣེ་འཁྲིད་ཀྱིས་ཀྱིས་བཙན་བྱོལ་བོད་མིའི་འཕྲོད་བསྟེན་གྱི་གནས་བབ་ལ་རྟོགས་ཞིབ་རྒྱུས་ལོན་དང་། མིག་དང་སོ་སྨན་བཅོས་སོགས་ཀྱི་ལས་དོན་ཞབས་ཞུ་བསྒྲུབས་ཡོད་པ་རེད།

ཟླ་ ༧ ཚེས་ ༡༨ ཉིན་ཨ་རིའི་ལུ་ཛི་ཨ་ན་གསོ་རིག་མཐོ་སློབ་ཀྱི་སློབ་མ་ཚོས་ལྷའི་ལས་བྱེད་རྣམས་ལ་ཁོང་ཚོས་སྦིར་སོགས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་སྐོར་རྟོགས་ཞིབ་རྒྱུས་ལོན་དང་དངོས་སྦྱོང་བྱས་པའི་ལས་དོན་རྣམས་ངོ་སྤྲོད་དང་། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ཁོང་ཚོ་ལྷ་དང་ལྷན་དུ་མཉམ་འབྲེལ་གྱི་བྱ་འགུལ་སྤེལ་བར་ཐུགས་རྗེ་ཆེ་ཞུའི་ཁ་གཏགས་བཅས་སྒྲོན་ཡོད་པ་རེད།

ཐེངས་ {hits}186{/hits} བཀླགས་འདུག