དྲ་ངོས།

ཕྱི་ཟླ་བདུན་པའི་ནང་ལྷ་དང་རིག་གཞུང་བརྗེ་རེས་གནང་མཁན་ཁག་ཅིག

Rustic Pathways 7ཕྱི་ལོ་ ༢༠༡༦ ཟླ་ ༧ པའི་ནང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་ཨ་རི་ནས་ཕེབས་པའི་ཚོ་ཁག་ཁ་ཤས་ཤིག་དང་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་འདྲ་མིན་གཉེར་ཡོད་པ་དང་།

དེའི་ནང་རཱ་སི་ཊི་ཁི་ཕཱ་ཐི་ཝེ་ (Rustic Pathways བཅོས་མིན་གྱི་ལམ་ལྟ་བུར་གོ་སྙམ་) ཞེས་པའི་ཚོགས་པས་སྣེ་ཁྲིད་པའི་སློབ་ཕྲུག་ཚོ་ཁག་གསུམ་དང་ལོ་ཡོ་ལཱ་ནས་ཚོ་ཁག་གཅིག་བཅས་ཁྱོན་ཚོགས་ཁག་བཞི་ཙམ་ལ་རིག་གཞུང་བརྗེ་རེས་བྱས་ཡོད་པ་རེད།

རཱ་སི་ཊི་ཁི་ཕཱ་ཐི་ཝེ་ (Rustic Pathways) སློབ་ཕྲུག་ཚོ་ཁག་དེ་དག་བཞུགས་སྒར་རྡ་རམ་ས་ལ་རུ་བདུན་ཕྲག་ཁ་ཤས་རིང་བསྡད་ནས་སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་ལ་རྒྱུས་ལོན་གང་མང་བྱས།

Rustic Pathways 8ད་དུང་དུས་ཡུན་དེའི་རིང་ཁོང་ཚོ་དང་ལྷའི་སློབ་ཕྲུག་དབར་ཕན་ཚུན་སློབ་སྦྱོང་དང་གོ་རྟོགས་སྤེལ་རེས་བྱས་ཡོད་པར་མ་ཟད། ང་ཚོ་ལྷའི་སློབ་ཕྲུག་རྣམས་ཀྱི་དབྱིན་སྐད་ཡར་རྒྱས་སོགས་ལའང་ཕན་ཐོགས་མི་དམན་པ་བྱུང་ཡོད།

ཟླ་བ་དེའི་ནང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་རཱ་སི་ཊི་ཁི་ཕཱ་ཐི་ཝེ་ (Rustic Pathways བཅོས་མིན་གྱི་ལམ་ལྟ་བུར་གོ་སྙམ) ཞེས་པའི་ཚོགས་པ་དེའི་བརྒྱུད་ནས་ཁྱོན་སློབ་ཕྲུག་གྲངས་ ༣༦ ལ་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་བཀོད་སྒྲིག་ཞུས་ཡོད་པ་རེད།

Rustic Pathways 9གཞན་ཡང་ཟླ་དེའི་ནང་ལོ་ཡོ་ལཱ་ (Loyola) མཐོ་རིམ་གཙུག་ལག་སློབ་གཉེར་ཁང་ནས་སློབ་ཕྲུག་གྲངས་ ༡༡ དང་རིག་གཞུང་བརྗེ་རེས་བྱས་ཡོད་པ་དང་། ཁོང་ཚོ་བཞུགས་སྒར་རྡ་རམ་ས་ལར་ཁྱོན་དུས་ཡུན་ཟླ་བ་གཅིག་ཙམ་རིང་བསྡད་ནས་ལྷའི་ལས་རིམ་འདྲ་མིན་ལ་མཉམ་ཞུགས་བྱས།

དེ་བཞིན་ཁོང་ཚོས་ཀྱང་ལྷའི་སློབ་ཕྲུག་དང་ལྷན་དུ་ཕན་ཚུན་སློབ་སྦྱོང་གང་ལེགས་བྱས་ཡོད་པར་མ་ཟད། བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བོད་པའི་ཚོགས་སྡེ་ཁག་དང་སྦིར་བོད་མིའི་གཞིས་ཆགས་སོགས་སུ་སྐོར་སྐྱོད་ཀྱིས་སྐྱབས་བཅོལ་བོད་མིའི་གནས་སྟངས་དང་། བོད་པའི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་ལ་རྒྱུས་ལོན་སློབ་སྦྱོང་བྱས་ཡོད་པ་རེད།

ཐེངས་ {hits}187{/hits} བཀླགས་འདུག

TPL_BEEZ5_ADDITIONAL_INFORMATION