མ་དངུལ་འདུ་འགོད་ཆེད་དམིགས་བསལ་ཞལ་ལག་གི་དུས་སྟོན་ཞིག

BBQ1ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༩ རེས་གཟའ་སྤེན་པའི་ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གཤམ་དུ་ཡོད་པའི་ལྷའི་ཞི་བའི་ཚལ་དུ་དབྱིན་སྐད་དུ་བྷ་བྷ་ཁིའུ་(BBQ)ཞེས་པའི་ཕྱི་ལུགས་ཀྱི་དམིགས་བསལ་སྟབས་བདེ་ཞལ་ལག་གི་དུས་སྟོན་ཞིག་གོ་སྒྲིག་བྱས་ཡོད་པ་རེད། 

ཞལ་ལག་དུས་སྟོན་དེ་གཙོ་འགན་འཁུར་མཁན་དང་སྦྱིན་བདག་གཙོ་བོ་ལྷའི་དང་བླངས་བ་ཀ་རོལ་ཧེ་ལི་ཊི་(Karol Hewlet )དང་། ད་ལྟ་ཌན་མག་ཏུ་སློབ་སྦྱོང་བྱེད་བཞིན་པའི་པོ་ལན་ཌིའི་བུ་མོ་པལ་ལི་ནཱ་(Paulina Wrotynska)རྣམ་གཉིས་ཡིན།

BBQ2སྐབས་དེར་བཞུགས་སྒར་རྡ་རམ་ས་ལ་ཆར་དུས་དང་སྟབས་འཁེལ་ཡོད་སྟབས་ཉིན་དེར་ཆར་པ་འབབ་བཞིན་ཡོད་མེད་ལ་མ་བལྟོས་པར་བོད་མི་དང་། རྒྱ་གར་བ། ཕྱི་རྒྱལ་བ་སོགས་འཚང་ཁ་ཤིས་ཤིག་གིས་ཕེབས་ནས་དམིགས་བསལ་གྱི་ཞལ་ལག་ལོངས་སུ་སྤྱད་ཡོད་པ་རེད།
BBQ3གཞན་ཡང་དུས་སྟོན་གྱི་ཞལ་ལག་བཟོ་མཁན་གཙོ་བོ་ལྷའི་མ་བྱན་དང་ལྷའི་ལས་བྱེད་རྣམས་ཀྱིས་འབད་བརྩོན་འོག ད་ཐེངས་ཕྱི་ལུགས་ཞལ་ལག་གི་དུས་སྟོན་དེ་ཚགས་ཚུད་དང་ཡོང་འབབ་ཀྱང་མི་དམན་པ་བྱུང་འདུག

གོ་སྐབས་འདིའི་བརྒྱུད་དང་བླངས་བ་ཀ་རོལ་ཧེ་ལི་ཊི་ (Karol Hewlet ) དང་པལ་ལི་ནཱ་ (Paulina Wrotynska) རྣམ་པ་གཉིས་ལ་མི་རྒྱུ་གཉིས་ཀའི་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཐེངས་ {hits}188{/hits} བཀླགས་འདུག