སྨན་ཞབས་དང་སྤྱི་ཚོགས་ཞབས་ཞུ་བ་ཁག་གཅིག་དང་ལྷན་དུ་རིག་གཞུང་བརྗེ་རེས།

3ffad4e4b2ad313898f2b4d7ccf725aa92cd971f 616x468 Q75དེ་ཡང་ཕྱི་ཟླ་ ༡༠ ཚེས་ ༥ ནས་བཟུང་བདུན་ཕྲག་གཅིག་ཙམ་རིང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་གོ་སྒྲིག་འོག་ཨ་རི་ནས་ཡིན་པའི་ (Hospice Care) ཞེས་པའི་སྤྱི་ཚོགས་ཞབས་ཞུ་ཆེད་ལས་པ་བཅུ་གཉིས་ལ་ལྷ་ཚོགས་པས་རིག་གཞུང་བརྗེ་རེས་ཀྱི་ལས་གཞིའི་ཐོག་ནས་སྣེ་ལེན་གནང་ཡོད་པ་རེད། 

ཁོང་རྣམས་འདིར་ཕེབས་རྗེས་ཚོགས་པའི་དྲུང་ཆེ་རྡོ་རྗེ་སྐྱིད་ལགས་ཀྱིས་ཚོགས་པའི་ལས་དོན་དང་ལས་འཆར་སོགས་ངོ་སྤྲོད་བྱས་ཤིང་། ཁོང་ཚོ་དྷ་སར་སྡོད་རིང་བོད་ཀྱི་རིག་གཞུང་དང་ནང་ཆོས་ལ་ཤེས་རྟོག་དང་།  སྐྱབས་བཅོལ་བོད་མའི་སྤྱི་ཚོགས་ལ་རྒྱུས་ལོན་བྱས་ཤིང་། བོད་ཀྱི་འགྲེམས་སྟོན་ཁང་དང་། དཔེ་མཛོད་ཁང་ཐེ་བའི་ཚོགས་སྡེ་ཁ་ཤས་ལ་སྐོར་སྐྱོད་དང་རྒྱུས་ལོན་སོགས་ཀྱང་བྱས། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་བདེ་སྐྱིད་ཀྱི་འཚོ་གནས་དང་འཆི་བར་ནང་པས་བལྟ་སྟངས་ (Buddhist perspectives on Joy of Living and Dying) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། མཇུག་ཏུ་དྲི་བ་དྲིས་ལན་

གྱི་གོ་སྐབས་གནང་ཤིང་། ཁོང་རྣམས་ཀྱི་ནང་ཆོས་ལ་ཡོད་པའི་ཐེ་ཚོམ་དང་དོགས་གཞི་རྣམས་ལ་ལན་འདེབས་ཀྱིས་དོགས་སེལ་གསལ་བཤད་གནང། ཉིན་མཐའ་མར་ཚོགས་པའི་ལས་བྱེད་རྣམས་དང་མཉམ་དུ་མྱོང་ཚོར་བརྗེ་རེས་དང་འབྲེལ་ཕེབས་སྐྱེལ་གསོལ་སྟོན་སྟབས་བདེ་ཞིག་འདེགས་འབུལ་ཞུས་ཡོད་པ་རེད།

          ལྷ་ཡི་རིག་གཞུང་བརྗེ་རེས་ཀྱི་ལས་འཆར་འདི་ནི་དྷ་སར་རིག་གཞུང་བརྗེ་རེས་སླད་ཕེབས་པའི་སྤྱི་ཚོགས་ཞབས་ཞུའི་སློབ་ཐོན་པ་ཁག་གཅིག་དང་ལྷན་དུ་ཕྱི་ལོ་ ༢༠༠༢ ལོར་ཐོག་མར་འགོ་བཙུགས་ཤིང་། དེ་ནས་བཟུང་སྟེ་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་རྒྱལ་ཁབ་གཞན་གྱི་སློབ་ཕྲུག་དང་།  ཆེད་ལས་པ་རྣམས་ལ་དྷ་སའི་རྒྱ་གར་ཡུལ་མི་དང་། བོད་མི་སྐྱབས་བཅོལ་བའི་སྤྱི་ཚོགས་ནང་ཞབས་ཞུ་སྒྲུབ་པར་རོགས་རམ་གྱིས་མཐུན་རྐྱེན་སྦྱར་ཡོད།91729688ccb306abf9cb443514ec0b1b5bbef643 740x387 Q75 1

          དེང་སྐབས་རིག་གཞུང་བརྗེ་རེས་ཀྱི་ལས་འཆར་ཡར་རྒྱས་ཕྱིན་ནས་ལོ་རེར་ཚོགས་ཁག་ ༡༥ ནས་ ༢༠ ཙམ་ལ་སྣེ་ལེན་ཞུ་བཞིན་ཡོད། ལོ་མང་རིང་རིག་གཞུང་བརྗེ་རེས་བྱས་པའི་ཉམས་མྱོང་གི་ཐོག་ནས་ཞུས་ན་ལས་གཞི་འདིས་སྤྱིར་བོད་དོན་ཁྱབ་བསྒྲགས་དང་།  སྐྱབ་བཅོལ་བོད་མིའི་དཀའ་ངར་སེལ་བར་ཕན་ཐོགས་ཆེན་པོ་ཡོད་པར་མ་ཟད། ལས་གཞི་འདི་བརྒྱུད་ནས་ལྷའི་སློབ་ཕྲུབ་རྣམས་ཀྱི་ཨིན་སྐད་དང་། ཧྥ་རན་སིའི་སྐད་སོགས་སྐད་ཡིག་ཡར་རྒྱས་མགྱོགས་མྱུར་ངང་འགྲོ་བར་ཧ་ཅང་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པ་རེད།

ཐེངས།{hits}196{/hits} བཀླགས་འདུག