ཤར་ནུབ་འཕྲད་པ་ཞེས་པའི་དྲན་ཤེས་སྨན་གྱི་ཚོགས་ཆེན་ཚོགས་པ།

 samdhong rཕྱི་ལོ ༢༠༡༦ ཟླ་ ༡༠ ཚེས་ ༢༣ ནས་ཚེས་ ༢༥ བར་ཉིན་གསུམ་རིང་ལྷ་ཞི་བདེ་ཚོགས་ཁང་དུ་ཤར་ནུབ་འཕྲད་པ་ཞེས་པའི་དྲན་ཤེས་སྨན་གྱི་ཚོགས་ཆེན་ཚོགས་ཡོད་པ་རེད། 

ཚོགས་འདུ་འདི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དང་། བདེ་ལེགས་སྨན་ཁང་། ནིའུ་ཨོར་ལིན་སིའི་ཨོཤ་ནར་སྨན་ཁང་ཁག ལུ་ཛི་ཡ་ན་མི་སི་སི་པིའི་འཕྲོད་བསྟེན་སྒྲིག་འཛུགས། ལུ་ཛི་ཡ་ན་ཧི་མཱ་ལ་ཡའི་ཚོགས་སྡེ་བཅས་ཐུན་མོང་གིས་གོ་སྒྲིག་གནང་བ་མ་ཟད། བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་དང་། ས་གནས་རྒྱ་གར་སྨན་པ་སོགས་གདན་ཞུས་ཀྱིས་གོང་གསལ་ཚོགས་སྡེ་དང་སྨན་ཁང་ཁག་ནས་སྨན་པ་གྲངས་ཉི་ཤུ་ལྷག་འདུ་འཛོམས་བྱུང་ཡོད་པ་རེད།

        ཚོགས་འདུའི་ཉིན་དང་པོར་བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྨན་བཅོས་ལག་ལེན་ཧྲིལ་པོའི་ནང་དྲན་ཤེས་དང་། ལུས་སེམས་འབྲེལ་བ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་གནང་སྐབས་། ཁོང་གིས། སྨན་པ་ཚོའི་ཞབས་ཞུ་དེ་འཚོ་ཐབས་ཙམ་གྱི་ཆེད་དུ་མིན་དགོས་པ་དང་། ནད་པར་འགན་ཁུར་མེད་པ་ཡང་དེ་བས་མ་ཡིན་དགོས། དེ་ནི་ཚོང་གྱི་ཆེད་ལས་པ་ལྟ་བུ་དང་ཡང་ན་དངུལ་གསོག་པའི་ཆེད་དུ་ནི་རྩ་བ་ནས་ཡིན་མི་རུང་། ནད་པ་རྣམས་སྨན་ཁང་དང་། སྨན་པའི་ཚོང་གི་མཐུན་རྐྱེན་ལྟ་བུའི་གནས་སྟངས་ཤིག་ཡོད་ཚེ། ནད་སྔོན་འགོག་གྱི་སྨན་སོགས་ནི་བེད་མེད་དུ་གྱུར་པ་ཡིན་ཞིང་། ནད་པ་ཁྲོམ་ར་ལྟ་བུར་གྱུར་བའི་གནས་སྟངས་ནང་ནད་པ་ཉམ་ཐག་རྣམས་ཀྱིས་སྨན་བཅོས་བྱེད་མི་ཐུབ་པ་དང་། སྨན་པ་ཡག་གྲས་རྣམས་ལ་སྟེན་ཐབས་མེད། དེ་ལྟ་བུའི་གནས་སྟངས་ཀྱི་འོག་ཏུ་སྨན་པ་རྣམས་ནད་པ་བཅོས་རྒྱུའི་འགན་འཁྲིའི་འདུ་ཤེས་ཀྱི་དྲན་པ་མི་གསལ་བར་གྱུར་ཉེན་ཡོད། དེ་འདྲ་མ་ཡིན་པར་ནད་པ་དེ་ལས་སྒོར་ཞིག་ལེན་རྒྱུ་ཡོད་མེད་ལ་མ་བལྟོས་པར་ཕྱུག་པོ་དང་དབུལ་པོ་གང་ཞིག་ཡིན་རུང་སྨན་བཅོས་འདྲ་མཚུངས་དང་། དོ་སྣང་དང་ལྟ་སྟངས་གཅིག་པ་འཛིན་དགོས་པ་ནི་དྲན་ཤེས་བརྟན་གསལ་ཞེས་པའི་སྨན་བཅོ་ལག་ལེན་གྱི་རྨང་གཞི་ཡིན་ཞེས་བཀའ་གནང་བ་དང་། དེར་ཕེབས་པའི་དོན་གཉེར་ཅན་རྣམས་ཀྱི་དྲི་བ་ཁག་ལ་ལན་འདེབས་གནང་།dr Tseten

               བདེ་ལེགས་སྨན་ཁང་གི་སྨན་པ་ཆེ་བ་དང་སྐུའི་བླ་སྨན་ས་འདུ་ཚང་སྨན་པ་ཚེ་གཏན་རྡོ་རྗེ་ལགས་ཀྱིས་སྨན་བཅོས་མ་ལག་དང་ལུས་སེམས་ཀྱི་འབྲེལ་བ་ཞེས་པའི་བརྗོད་གཞིའི་ཐོག་ཕྱོགས་ཡོངས་ནས་ནད་བཅོས་ལག་ལེན་བྱེད་ཐབས་སྐོར་བཀའ་སློབ་བསྩལ་བ་དང་།  དྲི་བ་ཁག་ལ་ལན་འདེབས་གནང། དེ་བཞིན་ས་གནས་རྒྱ་གར་གསོ་རིག་མཐོ་སློབ་ཀྱི་སྨན་པ་དང་སློབ་དཔོན་པཱར་ཝན་ཤཱ་མ་སོགས་ཀྱིས་རྒྱ་གར་ནང་གཟེར་འཇོམས་ལྟ་སྐྱོང་གནས་སྟངས་སྐོར་གསུང་བཤད་གནང་ཡོད་པ་རེད།

               ཚོགས་འདུའི་ཉིན་གཉིས་པར་སྨན་རྩིས་ཁང་གི་ཞིབ་འཇུག་སྡེ་ཚན་གྱི་སྨན་པ་བསྟན་འཛིན་ཡེ་ཤེས་ལགས་ཀྱིས་སྲོལ་རྒྱུན་བོད་སྨན་སྐོར་གཏམ་བཤད་དང་། ཨ་རི་བ་སྨན་པ་སཱ་རྭ་དང་ཀེ་ཝན་དེ་བཞིན་ཇོན་ན་ཐ་སོགས་ཀྱིས་གློ་ནད་སྐོར་གཏམ་བཤད་གནང་ཞིང་། ཉིན་རྒྱབ་སྨན་པ་ཚོས་བོད་ཀྱི་སྨན་རྩིས་ཁང་དང་བདེ་ལེགས་སྨན་ཁང་གཉིས་ལ་གཟིགས་སྐོར་གྱིས་སྨན་པ་དང་སྨན་ཞབས་སོགས་དང་མཉམ་དུ་ཉམས་མྱོང་བརྗེ་རེས་དང་ཁོ་ཚོའི་ལས་དོན་ལ་རྒྱུས་ལོན་སོགས་བྱས་ཡོད་པ་རེད།       

               ཉིན་གསུམ་པའི་ཚོགས་འདུའི་ཐོག་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བདེ་གསལ་ལགས་ཀྱིས་བོད་པའི་སྤྱི་ཚོགས་ནང་ལོ་ན་རྒས་པའི་བརྒྱུད་རིམ་དང་མཐའ་མཇུག་གི་མི་ཚེའི་ནང་ལྟ་སྐྱོང་བྱེད་ཕྱོགས་སྐོར་གཏམ་བཤད་དང་།བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་འཆི་བ་དང་འཆི་བཞིན་པར་ནང་པའི་ལྟ་ཚུལ་སྐོར་གསུང་བཤད་གནང་ཞིང་།ཨ་རིའི་སྨན་པ་ཁི་སི་ཊོ་ཕར་གྱིས་མཆིན་པའི་གཉན་ཚད་སྐོར་གཏམ་བཤད་བྱས་པ་དང་། དེ་བཞིན་ཨ་རིའི་སྨན་པ་ཚོས་བྱམས་པ་གླིང་རྒས་གསོ་ཁང་ལ་གཟིགས་སྐོར་གྱིས་བོད་པའི་རྒས་གསོ་ཁང་གི་གནས་སྟངས་ལ་ཡང་རྒྱུས་ལོན་གནང་འདུག དེ་རྗེས་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་ཚོགས་ཞུགས་པ་ཡོངས་ལ་དགོང་ཚིགས་འདེགས་འབུལ་ཞུས་རྗེས་ད་ཐེངས་ཀྱི་ཤར་ནུམ་འཕྲད་པའི་སྨན་པའི་ཚོགས་ཆེན་དེ་རྒྱལ་ཁའི་ངང་གྲོལ་ཡོད་པ་རེད།ngawang R

               ཤར་ནུབ་འཕྲད་པའི་དྲན་ཤེས་སྨན་པའི་ཚོགས་ཆེན་ལེགས་གྲུབ་བྱུང་རྗེས། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་ཨ་རིའི་སྨན་པ་ཚོར་ཕེབས་སྐྱེལ་གསོལ་སྟོན་སྟབས་བདེ་ཞིག་བཤམས་པ་དང་། ཚོགས་པའི་ལས་བྱེད་རྣམས་དང་མཉམ་དུ་སྨན་པའི་ཚོགས་ཆེན་དང་བོད་པའི་སྤྱི་ཚོགས་ཀྱི་སྐོར་བསམ་ཚུལ་བརྗེ་རེས་བྱས་ཡོད་པ་རེད།

               མཇུག་ཏུ་ད་རིས་ཀྱི་སྨན་པའི་ཚོགས་ཆེན་འདི་བཞིན་ཨ་རིར་རྟེན་གཞི་བྱས་པའི་འཕྲོད་བསྟེན་དང་། སྨན་ཁང་ཁག་གསུམ། དེ་བཞིན་བདེ་ལེགས་སྨན་ཁང་དང་། བོད་ཀྱི་སྨན་རྩིས་ཁང་སོགས་ཀྱིས་ཐུགས་ཁུར་ཆེན་པོའི་མཉམ་ལས་དང་ཆ་ཤས་བླངས་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། 

ཐེངས།{hits}197{/hits} བཀླགས་འདུག