ཕྱི་རྒྱལ་གྱི་སློབ་ཕྲུག་ཚོ་ཁག་གསུམ་གྱིས་བོད་པའི་སྤྱི་ཚོགས་ལ་རྒྱུས་ལོན་བྱས་པ།

ཟླ་ ༦ པའི་ནང་ཕྱི་རྒྱལ་གྱི་སློབ་ཕྲུག་ཚོ་ཁག་གསུམ་ལ་ང་ཚོའི་རིག་གཞུང་བརྗེ་རེས་ཀྱི་ཆ་ཤས་སུ་གོ་སྒྲིག་དང་སྣེ་ལེན་བྱས། ཨ་རིའི་ཏུ་ལན་གཙུམ་ལག་སློབ་གྲྭའི་སློབ་མ་དགུ་བོད་ཀྱི་རིག་གཞུང་དང་། ཆབ་སྲིད་ཀྱི་སྐོར་ཤེས་རྟོག་སླད་དྷ་སའི་བོད་ཀྱི་ཚོགས་སྡེ་འདྲ་མིན་དུ་སྐོར་སྐྱོད་བྱས་ཡོད་པ་མ་ཟད།

19417486 1355970927790501 2733331615457274479 o ལྷའི་སློབ་ཕྲུག་རྣམས་དང་མཉམ་དུ་རིག་གཞུང་དང་། སྐད་ཡིག འཚོ་བའི་གནས་སྟངས་སོགས་ཀྱི་སྐོར་ཕན་ཚུན་ཉམས་མྱོང་བརྗེ རེས་དང་ཕན་ཚུན་གྱི་ལེགས་ཆ་ལེན་རེས་བྱས་པ་རེད།

ཚོ་ཁག་གཉིས་པ་དེ་ཡང་ཨ་རིའི་ཏུ་ལན་སློབ་གྲྭའི་སྨན་གྱི་སྡེ་ཁག་ནས་ཡིན་པ་དང་། སྨན་སློབ་དགུ་དང་ཁོང་ཚོའི་གསོ་རིག་སློབ་དཔོན་གཅིག་བཅས་ལ་ང་ཚོས་སྣེ་ལེན་དང་ཉམས་མྱོང་བརྗེ་རེས་ཀྱི་གོ་སྒྲིག་བྱས་ཤིང་། ཁོང་ཚོ་འདིར་གནས་སྡོད་བྱས་པའི་རིང་། ནོར་གླིང་དང་། བོད་ཀྱི་དཔེ་མཛོད་ཁང་། བདེ་ལེགས་སྨན་ཁང་། བོད་ཀྱི་འགྲེམས་སྟོན་ཁང་། སྨན་རྩིས་ཁང་སོགས་སུ་སྐོར་སྐྱོད་ཀྱིས་རྒྱུས་ལོན་བྱས་པ་དང་། གསུང་བཤད་གནང་མཁན་སོགས་གདན་ཞུས་ཀྱིས་བརྗོད་གཞི་འདྲ་མིན་ཐོག་གསུང་བཤད་གནང་ཞིང་། ལྷག་པར་དུ་ཚོགས་པའི་མིག་དང་སོ་ལྟ་སྐྱོང་གི་ལས་གཞི་ལག་བསྟར་ཆེད་སྦིར་རྙིང་མ་དགོན་པ་དང་། ཤུག་གསེབ་བཙུན་དགོན་གཉིས་ནས་གྲྭ་པ་དང་བཙུན་མ་ ༡༠༡ ཡི་སོ་དང་མིག་ལ་བརྟག་དཔྱད་བྱས་ཤིང་། ཞོར་དུ་བོད་པའི་སྤྱི་ཚོགས་ནང་སྤྱི་ཡོངས་ཀྱི་འཕྲོད་སྟེན་ལ་བརྟག་དཔྱད་དང་ཞིབ་འཇུག་བྱས་པ་དང་།མིག་ཤེལ་དགོས་མཁན་དང་སོ་ལ་བཟོ་བཅོས་དགོས་པ་རྣམས་འབྲེལ་ཡོད་ས་གནས་ཀྱི་སྨན་ཁང་དུ་ཁྲིད་ནས་སྨན་པར་སྟེན་གཏུག་གིས་སྨན་བཅོས་བྱས་ཡོད་པ་རེད།

19401953 1355967881124139 2696769967820882682 o

        དེ་བཞིན་ཚོ་ཁག་གསུམ་པ་དེ་ནི་བཅོས་མིན་གྱི་ལམ་ (Rustic Pathway) ཞེས་པའི་ཚོགས་པ་ནས་ཡིན་ཞིང་། ཁོང་ཚོའི་སློབ་མ་བཅོ་ལྔ་ཙམ་གྱིས་ང་ཚོར་དང་བླངས་ཀྱིས་ལྷའི་སློབ་མ་རྣམས་ཀྱི་ཨིན་སྐད་ཡར་རྒྱས་དང་རིག་གཞུང་བརྗེ་རེས་ཀྱིས་སློབ་མ་ཕན་ཚན་དབར་ཉིན་གསུམ་ཙམ་རིང་རིག་གཞུང་བརྗེ་རེས་བྱས་པ་སོགས་ཟླ་འདིའི་རིགས་གཞུང་བརྗེ་རེས་ཀྱི་ལས་གཞི་ཧ་ཅང་ལེགས་པོ་བྱུང་ཡོད་པ་རེད།

        མཇུག་ཏུ་ཟླའི་བ་འདིའི་ནང་འདིར་ཕེབས་ཏེ་ང་ཚོའི་རིག་གཞུང་བརྗེ་རེས་ཀྱི་ལས་གཞིའི་ཆ་ཤས་ལེན་མཁན་གྱི་སློབ་མ་ ༣༣ ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱེད་རྣམས་ཀྱི་མ་འོངས་པར་སློབ་གཉེར་སོགས་བྱ་བ་ཐམས་ཅད་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ།

ཐེངས། {hits}157{/hits} བཀླགས་འདུག