ཆུ་ཚགས་འཕྲུལ་ཆས་ཐེངས་ ༢༥ པ་ཀུམ་རའོ་སྒ་པ་བོད་མིའི་གཞིས་ཆགས་སུ་བཙུགས་པ།

༄༅།། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་འཐུང་ཆུ་གཙང་མའི་ལས་གཞིའི་འོག་ཀུམ་རའོ་སྒ་པ་བོད་མིའི་གཞིས་ཆགས་སུ་ཆུ་ཚགས་འཕྲུལ་ཆས་ཤིག་གསར་འཛུགས་བྱས་པ་དང་། འདི་ནི་མི་མང་གི་འཕྲོད་སྟེན་ལ་དམིགས་ནས་ལྷས་གསར་འཛུགས་བྱས་པའི་ཆུ་ཚགས་འཕྲུལ་ཆས་ ༢༥ པ་དེ་ཡིན་ཞིང་། གཞིས་ཆགས་དེའི་གྲོང་མི་ ༢༢༩ ཡི་འཕྲོད་སྟེན་གོང་འཕེལ་ཡོང་བར་དམིགས་པ་ཞིག་རེད། ཕྱི་ཟླ་ ༠༦ ཚེས་ ༡༢ ཉིན་བཙུགས་པའི་ཆུ་ཚགས་འདིའི་སྦྱིན་བདག་ “ཨིན་ཡུལ་བོད་ཀྱི་ངལ་སེལ་བདེ་རྩ་”(The Tibet Relief Fund UK) ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

19399581 10213903627443052 4125300640202325321 n

          ཕྱི་ལོ་ ༢༠༡༠ ནས་བཟུང་ལྷ་ཚོགས་པས་རྒྱ་གར་གྱི་བྱང་རྒྱུད་དུ་ཆུ་ཚགས་འཕྲུལ་ཆས་ ༢༥ ཙམ་གསར་འཛུགས་བྱས་

ཤིང་། དེ་དག་གཙོ་བོ་ཧི་མ་ཅལ་མངའ་སྡེའི་རྒྱ་གར་བ་དང་། བོད་རིགས་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་གི་འཕྲོད་སྟེན་དང་བདེ་ཐབས་ཀྱི་ཆེད་དུ་ཡིན་ཞིང་། ད་ལྟའི་བར་འཐུང་ཆུ་གཙང་མའི་ལས་གཞི་དེ་ལས་ཁེ་ཕན་ཐོབས་མཁན་ཁྱོན་མི་གྲངས་ ༡༣‚༩༥༠ ཙམ་ཟིན་ཡོད་པ་རེད།

19388635 10213903616282773 3279199204447377052 o

          ཆུ་ཚགས་འཕྲུལ་ཆས་ ༢༥ པོ་དེ་དག་སློབ་གྲྭ་ཁག་དང་། གཞིས་ཆགས། རྒན་གསོ་ཁང་། བཙུན་དགོན་གཅིག སྨན་ཁང་། དཔེ་མཛོད་ཁང་། དེ་བཞིན་སྤྱི་ཐབ་སོགས་སུ་བཙུགས་ཡོད་ཅིང་། ཆུ་ཚགས་འཕྲུལ་ཆས་དེ་དག་དང་ལྷན་དུ་ངར་ལྕགས་ལས་གྲུབ་པའི་ཆུ་ལི་ཊར་ལྔ་བརྒྱ་ཤོང་བའི་ཆུ་མཛོད་ཅིག་འཇོག་གི་ཡོད་པར་བརྟེན་གློག་མེད་པ་དང་། ཆུ་ཆད་པའི་སྐབས་སུའང་འདང་ངེས་ཀྱི་ཆུ་གསོག་འཇོག་ཐུབ་ཀྱི་ཡོད།

19243066 10213903608442577 2470033746397737106 o

         ཕྱི་ལོ་ ༢༠༡༦ ལོའི་དཔྱད་ཞིབ་སྙན་ཐོའི་ནང་དགེ་རྒན་ ༦༠% ཡིས་ཁོར་ཚོའི་སློབ་གྲྭར་ཆུ་ཚགས་འཕྲུལ་ཆས་བཙུགས་པའི་རྗེས་སུ་སློབ་མ་རྣམས་འཛིན་གྲྭར་སླེབས་ཚད་ཡག་ཏུ་ཕྱིན་ཡོད་སྐོར་གསུངས་པ་དང་། སློབ་ཕྲུག་ ༧༠% ཡིན་ཆུ་གཙང་མ་བཏུང་བ་ནས་བཟུང་ཁོང་ཚོའི་འཕྲོད་སྟེན་སྤྱི་ཡོངས་ནས་ཡང་རྒྱས་འགྲོ་བཞིན་ཡོད་པ་སོགས་བརྗོད་ཡོད་སྐོར་འཁོད་འདུག

ཐེངས། {hits}61{/hits} བཀླགས་འདུག