༢༠༡༤ལོའི་འཛམ་གླིང་གཉན་ནད་རེག་དུག་ཉིན་མོ་སྲུང་བརྩི་དང་གོ་རྟོགས་ལས་འགུལ་སྤེལ་བ།

AIDS 2014 1

ཕྱི་ལོ་༢༠༡༤ ཟླ་ ༡༢ ཚེས་ ༡ འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོར། <<གཉན་ནད་རེག་དུག་སྔོན་འགོག་དང་བཅོས་ཐབས་ལ་བར་ཐག་ཉེ་རུ་ཐོངས་>>ཞེས་པའི་འབོད་ཚིག་འོག་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དང་ཀུན་ཕན་ཚོགས་པ་མཉམ་འབྲེལ་གྱིས་གོ་རྟོགས་ལས་འགུལ་སྣེ་མང་སྤེལ་ཡོད་པ་རེད།

AIDS 2014 2

ཐོག་མར་མེ་གྷན་རླངས་འཁོར་འབབ་ཚུགས་སུ་འདུ་འཛོམས་ཀྱིས་ལས་རིམ་འགོ་འཛུགས་དང་འབྲེལ་གསོལ་ཇ་འདེགས་འབུལ། དེ་ནས་མི་མང་པོ་ཞིག་ལ་ཨེ་ཙིའི་དཔུང་རྟགས་དམར་པོ་སྦྱར།

དེ་བཞིན་རིན་མེད་སྲུང་ཤུབ་<<འགྱིག་ཤུབ་>>དང་རྒྱ་བོད་ཨིན་གསུམ་གྱི་ཡིག་ཆ་འགྲེམས་སྤེལ་གྱིས་བོད་མི་དང་རྒྱ་གར་བ། ཕྱི་རྒྱལ་ཡུལ་སྐོར་བ་བཅས་ཁྱོན་མི་གྲངས་ ༨༠༠ ཙམ་ལ་གོ་རྟོགས་སྤེལ་ཐུབ་པ་བྱུང་ཡོད།

མ་ཚད་གཉན་ནད་རེག་དུག་སྐོར་གོ་རྟོགས་ཁྲོམ་སྐོར་སྐབས་ལག་ཏུ་ཨིན་བོད་གཉིས་ལྡན་གྱི་གོ་རྟོགས་ཡི་གེ་དང་འབོད་ཚིག་སྣ་ཚོགས་བཟུང་བ་དང་། <<ནད་འབུ་མ་སྤེལ་གོ་རྟོགས་སྤེལ།>> <<སྲུང་ཤུབ་གྱོན་ནས་སྔོན་འགོག་བྱོས་>>སོགས་སྐད་འབོད་བྱས།

དུས་མཚུངས་སུ་དྷ་ས་བདེ་ལེགས་ཡན་ལག་སྨན་ཁུང་དུ་ཁྱོན་མི་གྲངས་ ༦༠ གཉན་ནད་རེག་དུག་དང་། མཆིན་པའི་གཉན་ཚད་ཀྱི་ན་ཚ་ཡོད་མེད་རིན་མེད་ཁྲག་བརྟག་དཔྱད་དང་། ཕྱི་དྲོ་ཆུ་ཚོད་ ༣ པའི་ཐོག དྷ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁོར་ཡུག་ཚོགས་ཁང་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་བྱེད་བསྟན་འཛིན་ཟླ་མཛེས་ལགས་ཀྱིས་གཉན་ནད་རེག་དུག་སྐོར་ཁྱོན་མི་མང་ ༣༠ ཙམ་ལ་གཏམ་བཤད་དང་གཉན་ནད་རེག་དུག་སྐོར་དངོས་བྱུང་གློག་བརྙན་གཟིགས་འབུལ་ཞུས་ཡོད་པ་རེད།