རྒྱུན་ལྡན་ཞབས་ཞུའི་ལས་དོན་གཙོ་ཆེ་ཁག

ཚོགས་པའི་གཞིའི་རྩའི་དམིགས་ཡུལ་ནི་གཞི་རིམ་མང་ཚོགས་ཀྱི་ཉིན་རེའི་འཚོ་བའི་ནང་ཆེས་དགོས་མཁོའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྣེ་མང་བྱ་རྒྱུ་ཡིན་ཞིང་། ད་ལྟའི་ཆར་ཚོགས་པའི་གནས་སྟངས་ལ་གཞིགས་པའི་བོད་ཀྱི་སྐད་ཡིག་དང་རིག་གནས་དར་སྤེལ། བོད་དོན་ཕྱི་རྒྱལ་མི་སྣར་ངོ་སྤྲོད་དང་དྲིལ་བསྒྲགས། ཤེས་ཡོན། 

རྒྱས་པར་གཟིགས་་

ཕྱི་ལོ་༢༠༡༡་བར་ཐད་ཀར་ཞབས་ཞུ་གནང་ཡུལ་གྱི་གྲངས་ཐོ།

ཕྱི་ལོ་༢༠༠༣ ཟླ་༧ ནས་ཕྱི་ལོ་༢༠༡༡ ཟླ་༡༢ བར། སྐད་ཡིག་འཛིན་གྲྭར་འཛུལ་ཞུགས་བྱེད་མཁན་མི་གྲངས་༨༠༢༡ དང༌། གློག་ཀླད་སྦྱོང་མཁན་མི་གྲངས་༢༠༠༠ ལྷག་ཙམ། བསྐུ་མཉེ་ལག་ཤེས་སྦྱོང་བརྡར་སྤྲད་པ་མི་གྲངས་༡༦༠། རྒྱལ་ཁབ་བཞི་བཅུ་ལྷག་ནས་ཕྱི་རྒྱལ་དྭང་བླངས་བ་མི་གྲངས་༤༦༢༡ ཙམ་དང༌།

རྒྱས་པར་གཟིགས་་

ཞབས་ཞུ་གསར་པ།

ཕྱི་ལོ་༢༠༡༢་ནས་ྋགོང་ས་མཆོག་གིས་གསུང་ཆོས་དང་མང་ཚོགས་འདུ་འཛོམས་སྐབས་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཁོར་ཡུག་དང་འཕྲོད་བསྟེན་སོགས་ཀྱི་གོ་རྟོགས་ལས་འགུལ་གྱིས་ང་ཚོའི་སྤྱི་ཚོགས་ནང་ཉིན་རེའི་འཚོ་བ་དང་འབྲེལ་བ་ཡོད་པའི་རྒྱུན་ཤེས་ཁག་གོང་མཐོར་གཏོང་ཆེད་དང་། འབྲེལ་ཡོད་གནས་ཚུལ་དྲིལ་བསྒྲགས་དང་མཁོ་སྤྲོད།

རྒྱས་པར་གཟིགས་་

ཤེས་ཡོན་སློབ་གསོ་སྐོར།

འདས་པའི་ལོ་བཅུ་གསུམ་ལྷག་ཙམ་རིང་གཙོ་བོ་བོད་རིགས་སེར་སྐྱ་རྒན་གཞོན་སློབ་སྦྱོང་གི་གོ་སྐབས་མ་རག་པར་མུ་མཐུད་ཤེས་ཡོན་ལ་དོ་སྣང་དང་ཡར་རྒྱས་གཏོང་འདོད་ཡོད་མཁན་ལ་ཉིན་ལྟར་དབྱིན་ཡིག་འཛིན་གྲྭ་མཐོ་དམན་དྲུག་དང། རྒྱ་ཡིག་འཛིན་གྲྭ་གསུམ།

རྒྱས་པར་གཟིགས་་

སྐྱབས་བཅོལ་བོད་མིའི་སྤྱི་ཐབ་སྐོར།

ཕྱི་ལོ་༢༠༡༡་ཟླ་༧་ཚེས་༦་ཉིན་ྋགོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་སྤྱི་ཐབ་ཅིག་སྒོ་ཕྱེས་ཡོད་པ་དང། དེ་ཡང་སྤྱི་ཐབ་གསར་འཛུགས་དགོས་པའི་དམིགས་ཡུལ་གཙོ་བོ་གཉིས་ཡོད། དང་པོ་ང་ཚོའི་སྐྱབས་བཅོལ་བའི་གནས་བབས་འོག་ཟས་གོས་སོགས་དཀའ་ངལ་ཡོད་མཁན་མི་ཉུང་བ་ཡོད་པས་ཉམ་ཐག་མི་མང་གི་དཀའ་ངལ་སེལ་ཆེད་དང༌།

རྒྱས་པར་གཟིགས་་