དྲ་ངོས།

ལྷའི་དྲ་རྒྱར་ཕེབས་པ་དགའ་བསུ་ཞུ།

༄༅།། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་དྲྭ་རྒྱར་ཕེབས་པར་དག་བསུ་ཞུ་རྒྱུ་དང་ཚོགས་པ་འདི་རྒྱ་གར་ས་གནས་མངའ་སྡེ་གཞུང་ལ་ཡིད་ཆེས་དགེ་རྩའི་མིང་ཐོགས་ནས་ཁྲིམས་འཐུན་དེབ་སྐྱེལ་བྱས་པ་ཞིག་ཡིན་ཞིང་མངའ་སྡེ་དཔྱ་ཁྲལ་ལས་ཁུངས་ནས་ཁེ་མེད་ཚོགས་པའི་འབྲེལ་ཡོད་ཡིག་ཆ་སོགས་བཀའ་ཁྲོལ་ཐོབ་ཡོད། ཚོགས་པའི་དངུལ་རྩིས་ཡང་ཟླ་རེ་དང་ལོ་རེ་བཞིན་ཁྱད་ལས་རྩིས་པས་རྩིས་ཞིབ་དང་འབྲེལ་སྙན་ཐོ་སྟོན་ཏེ་མངའ་སྡེ་དཔྱ་ཁྲལ་ལས་ཁུངས་ནས་དག་མཆན་གནང་གི་ཡོད།ཚོགས་པའི་གཞི་རྩའི་དམིགས་ཡུལ་ནི་ང་ཚོའི་སྤྱི་ཚོགས་ནང་མིང་དོན་མཚུངས་པའི་སྤྱི་ཚོགས་ཞབས་ཞུ་དང་།ཤེས་ཡོན་སློབ་གསོའི་སྐོར་ལ་ལས་དོན་སྣེ་མང་བྱ་རྒྱུ་དེ་ཡིན་ཞིང་། ད་ཕན་ཚོགས་པས་ངོས་ནས་གང་ཡོང་ཅི་ཡོང་གིས་འབད་བརྩོན་ལྷོད་མེད་བྱས་ཡོད།
འདས་པའི་མི་ལོ་བཅུ་ཕྲག་ནང་བྱམས་བརྩེ་དང་གཏོང་ཕོད་ཆེ་བའི་རོགས་རམ་བྱེད་མཁན་རྣམ་པ་དང་། ལྷག་པར་འཛམ་གླིང་གི་ས་ཕྱོགས་གང་ས་ནས་ལྷག་བསམ་རྣམ་དག་གི་ཆོད་སེམས་བརྟན་པོའི་ཐོག་ནས་ལེགས་སྐྱེས་འབུལ་མཁན་དང་བླངས་བ་ཆེས་མང་པོས་ཤུགས་ཆེའི་རྒྱབ་སྐྱོར་འོགང་ཚོའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་མུ་མཐུད་དེ་ཡར་རྒྱས་དང་མིག་སྨན་མིག་ཐོག་ཡོང་བར་སྔར་ལས་ལྷག་པའི་འབད་བརྩོན་བྱེད་རྒྱུའི་སྐུལ་ལྕག་དང་སེམས་འགུལ་ཆེན་པོ་ཐེབས་སོང༌།
ང་ཚོའི་ཚོགས་པའི་དྲ་རྒྱ་བརྒྱུད་ཉིན་རེའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྐོར་ལ་ཤེས་རྟོག་དང་དེ་བཞིན་ཞབས་ཞུ་གང་ཡང་རུང་བར་ཆ་ཤས་ལེན་འདོད་ཡོད་ན་ལས་ཁུངས་ལ་ཕེབས་པའམ་ཡང་ན་ཁ་པར་དང་གློག་འཕྲིན་གང་རུང་བརྒྱུད་འབྲེལ་གཏུགས་དང་རྒྱུས་ལོན་གནང་རོགས་ཞུ་རྒྱུ་ཡིན།ད་དུང་ཚོགས་པའི་དྲྭ་རྒྱ་འདི་ལ་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲྭ་ལམ་མང་པོ་མཐུད་ཡོད་པས་དེ་དག་བརྒྱུད་ནས་ཤེས་རྟོགས་དང་རྒྱུས་ལོན་ཁྱབ་སྤེལ་སོགས་གནང་རོགས་ཞུ་བཞིན་ཡོད།
ཚོགས་པ་འདི་རྒྱུན་གནས་དང་ཡར་རྒྱས་གཏོང་རྒྱུའི་ཆེད་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་ཡོད་ན་ང་ཚོས་དང་ལེན་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད། མུ་འཐུད་དཔལ་འབྱོར་རོགས་སྐྱོར་དང་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་སྤྱི་ཚོགས་ནང་ཆེས་རོགས་རམ་དགོས་ངེས་ཅན་གྱི་མི་མང་པོར་རོགས་སྐྱོར་བྱེད་ཐུབ་པ་བྱུང་སོང་བས་དགའ་སྤོབས་སྐྱེ་བཞིན་ཡོད།ད་ཕན་ང་ཚོའི་ཉམས་མྱོང་བྱུང་བ་བརྒྱུད་སྐྱེ་བོ་མི་རེ་ངོ་རེའི་བྱམས་བརྩེ་དང་ལེགས་སྐྱེས། འབད་བརྩོན་སོགས་ལ་བརྟེན་ནས་གཞན་གྱི་འཚོ་གནས་ལ་འགྱུར་བ་གཏོང་ཐུབ་པའི་ནུས་པ་ཡོད་པར་ཡིད་ཆེས་བརྟན་པོ་སྐྱེས་བྱུང། དེ་དང་ཆབས་ཅིག་ཏུ་བོད་པ་ཚོའི་ཁ་ནས་རྒྱུན་དུ་བྱམས་བརྩེ་དང་སྙིང་བརྗེའི་སྐོར་བཤད་པ་ནང་བཞིན་ལག་བསྟར་དོན་འཁྱོལ་ཡོང་བར་ཤུགས་སྣོན་བརྒྱབ་དགོས་འདུག་པས་དེ་ལྟར་ཡོང་བའི་རེ་འབོད་ཞུ་བཞིན་ཡོད་པ་བཅས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

TPL_BEEZ5_ADDITIONAL_INFORMATION